ཁྱེད་ལ་ཕྲུ་གུ་སྤྱང་གྲུང་ལྡན་པ་ཞིག་སྐྱེ་སྙམ་གྱི་འདུག་གམ།

        2010-04-28

ཕྲུ་གུ་དམར་འབྱར་གྱི་བློ་རིག་གསལ་བ་དང་འཚར་ལོངས་ཡོང་རྒྱུར་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་ཧ་ཅང་རྙོག་པོ་ཡོད་ཅིང་སྐྱེ་ཐོབ་རང་བཞིན་གྱི་རྒྱུད་འཛིན་གཞི་རྐྱེན་དང་།སྤུན་ཉེ་གཉེན་སྒྲིག་བྱེད་པ།ཁོར་ཡུག་བཙོག་པ་སོགས་ཀྱིས་བཟོས་པ་ཕུད་ད་དུང་གཤམ་གསལ་གྱི་ཆ་རྐྱེན་ཁག་གཅིག་ཡོད་པ་སྟེ།
        ཨ་རག
ཞིབ་འཇུག་བྱས་པར་གཞིགས་ན་སྦྲུམ་མས་ཨ་རག་ཡུན་རིང་བཏུངས་ཚེ་ཕྲུ་གུ་ཤོར་བ་དང་སྐྱེ་ཟླ་མ་ཤར་གོང་སྐྱེས་མ་མངལ་གནས་ཕྲུ་གུར་ཨ་རག་ཉིང་ཁུའི་ཕྱོགས་བསྡུས་ཀྱི་ནད་འཕོག་གི་ཡོད་པས་ཨ་རག་ཉུང་ཉུང་བཏུང་ནའང་མངལ་གནས་ཕྲུ་གུའི་བློ་རིག་དང་འཚར་སྐྱེ་ཡོད་རྒྱུར་འགོག་རྐྱེན་བཟོ་གི་ཡོད་པས་ནན་ཙམ་བཤད་ན་ཨ་རག་ཉིང་ཁུས་མངལ་གནས་ཕྲུ་གུར་བདེ་འཇགས་ཀྱི་ཚད་གཞི་གླེང་རྒྱུ་མེད་སྟབས་སྦྲུམ་མར་ཕྲུ་གུ་འཁོར་རིང་ཨ་རག་ཕྲན་ཙམ་ཡང་བཏུང་རྒྱུ་མེད།
     ཐ་མག
ཐ་མག་འཐེན་པ་ལས་བྱུང་བའི་དབྱང་གཅིག་ཐན་འགྱུར་རྫས་དང་ཐ་མག་ནང་གི་ཉི་ཀུའུ་ཏིང་གིས་སྦྲུམ་མའི་ཤ་མའི་ཁྲག་རྩ་འཁུམས་ནས་མངལ་གནས་ཕྲུ་གུར་ཁྲག་མཁོ་ཚད་མི་འདང་བར་འཚར་ལོངས་ཡོང་རྒྱུར་འགོག་རྐྱེན་བཟོ་གི་ཡོད་པ་རེད།
    གློག་པར།
གློག་པར་གྱིས་མངལ་གནས་ཕྲུ་གུར་གནོད་འཚེ་བཟོ་གི་ཡོད་ཅིངXགློག་པར་ཐེངས་མང་བརྒྱབ་ན་མངལ་གནས་ཕྲུ་གུ་ཡ་མ་གཟུགས་ལ་གྱུར་པ་དངXགློག་པར་ཉུང་ཙམ་བརྒྱབ་ནའང་མངལ་གནས་ཕྲུ་གུའི་བློ་རིག་དང་མཚར་སྐྱེས་ལ་ཤུགས་རྐྱེན་ངན་པ་བཟོ་གི་ཡོད་པ་རེད།སྐྱེས་པའི་ཁམས་དཀར་ཆགས་པའི་བྱ་རིམ་རིངXགློག་པར་རྒྱག་རྒྱུ་མེད་སྟབས་བུད་མེད་ལ་མངལ་མ་ཆགས་གོང་སྐྱེས་པས་ཉུང་ཤོས་ལའང་ཟླ་བ་གཉིས་ཙམ་ནངXགློག་པར་གྱི་ཞིབ་བཤེར་བྱ་རྒྱུ་མེད།
     སྨན།
སྨན་མང་པོ་ཞིག་ཤ་མ་བརྒྱུད་མངལ་གནས་ཕྲུ་གུའི་ཁོག་པའི་ནང་འཛུལ་ནས་འཚར་སྐྱེ་ཡོང་རྒྱུར་ཤུགས་རྐྱེན་བཟོ་གི་ཡོད་པས་སྦྲུམ་མས་སྨན་གཏོང་སྐབས་རྩ་དོན་ཞིག་རྟོགས་པ་བྱ་དགོས་པ་སྟེ་སྨན་གཏོང་དགོས་ལ་མ་དགོས་ཡིན་ཚེ་ཡག་ཤོས་བྱུང་ན་གཏོང་དགོས་རྒྱུ་མེད་པ་བཅས་སོ།
  • ལེ་ཚན་སྔོན་མ།:མགོ་བོའི་ནད་འབྱུང་བའི་རྒྱུ་རྐྱེན།
  • ལེ་ཚན་རྗེས་མ།:ཕྲུ་གུའི་གློ་བའི་ཚ་ནད་ཡིན་མིན་ངོས་འཛིན་ཇི་ལྟར་བྱེད་དགོས་སམ།
  • དོ་སྣང་ཆེ་བའི་རྩོམ།