སྐལ་བཟང་ཡར་འགྲོ།

བློ་བཟང་མཐའ་ཡས།        2010-09-01

༡. དཔྱིད་ཀྱི་དྲོད་འཇམ་ལྡང་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  རི་ལུང་ནགས་ཚལ་རྒྱས་སོང་།    སྐལ་བཟང་ཡར་འགྲོ་ལ་ཡེ།

  ང་དང་བྱེའུ་ཆུང་འཇོལ་མོས།    སྐལ་བཟང་ཡར་འགྲོ་ལ་ཡེ།

  ལྡེམ་མྱུར་བོད་ནས་ངོམ་སོང་།    སྐལ་བཟང་ཡར་འགྲོ་ལ་ཡེ།

.དབྱར་གྱི་དཔལ་མོ་བཞད་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  མེ་ཏོག་འཛུམ་མདངས་རྒྱས་སོང་།  སྐལ་བཟང་ཡར་འགྲོ་ལ་ཡེ།

  ང་དང་ཁུ་བྱུག་སྔོན་མོས།      སྐལ་བཟང་ཡར་འགྲོ་ལ་ཡེ།

  སྐད་སྙན་བོད་ནས་བསྒྲགས་སོང་།  སྐལ་བཟང་ཡར་འགྲོ་ལ་ཡེ།

༣ .སྟོན་གྱི་བདག་མོ་སླེབས་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  རྩི་བཅུད་ལོ་འབྲས་སྨིན་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  ང་དང་སྤང་རྒྱན་སྔོན་མོས།    སྐལ་བཟང་ཡར་འགྲོ་ལ་ཡེ།

  འཕྱོར་སྒེག་བོད་ནས་ངོམ་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

༤ .དགུན་གྱི་རྒྱལ་མོ་ཐོན་སོང་།   སྐལ་བཟང་ཡར་འགྲོ་ལ་ཡེ།

  ས་གཞི་ཁ་བས་གཡོག་སོང་།    སྐལ་བཟང་ཡར་འགྲོ་ལ་ཡེ།

  ང་དང་མེ་ཏོག་གངས་ལྷས།    སྐལ་བཟང་ཡར་འགྲོ་ལ་ཡེ།

  འཛུམ་དཀར་བོད་ནས་བསྟན་སོང་། སྐལ་བཟང་ཡར་འགྲོ་ལ་ཡེ།

 

  • ལེ་ཚན་སྔོན་མ།:གདུང་སེམས་མཉམ་བསྐྱེད།
  • ལེ་ཚན་རྗེས་མ།:བོད་ཀྱི་བྱིས་པ།