མགོ་བོའི་ནད་འབྱུང་བའི་རྒྱུ་རྐྱེན།

        2010-04-28

སྤྱིར་མགོ་ནད་ལ་ན་མཁན་གྱི་སྡོད་གནས་དང་རྒན་གཞོན་སོགས་ཁྱད་པར་ཆེར་མེད་པ་འདྲ།ཡིན་ནའང་གྲོང་ཁྱེར་སོགས་ཀྱི་མི་རྣམས་དལ་བར་སྡོད་པའམ་བདེ་བར་གཉིད་ལོག་པ།བཟའ་བཏུང་ལྕི་སྣུམ་དྲོད་པའི་རིགས་བསྟེན་དྲགས་པ་བཅས་རྐྱེན་གྱིས་བད་མཁྲིས་ཀྱིས་མགོ་ན་བ་མང་ལ།ཞིང་གྲོང་གི་མི་རྣམས་ངལ་ལས་ཀྱིས་དུབ་པ་དང་།བཟའ་བཏུང་ཡང་བ།སྐྱ་བ་རྩུབ་པའི་རིགས་བསྟེན་མང་བས་རླུང་ནད་དམ་བད་རླུང་གིས་མགོ་ན་བ་མང་བ་དང་།འབྲོག་ཁུལ་གྱི་མི་རྣམས་ས་བརླན་ཆུ་འཁྱགས་དང་།བསིར་རླུང་གིས་བརྙེས་པ་དང་།བཟའ་བཏུང་ཤ་མར་འོ་ཆང་སོགས་སྣུམ་བཅུད་ཅན་བསྟེན་མང་བས་ཁྲག་མཁྲིས་ཀྱིས་རྐྱེན་པའི་མགོ་ནད་ཅན་མང་པོ་མཐོང་རྒྱུ་ཡོད།ཡང་རྒྱུད་ལས།“རྒས་པ་རླུང་མི་དར་མ་མཁྲིས་པའི་མི།།བྱིས་པ་བད་ཀན་མི་ཡིན་ན་སོས་གཉན།།”ཞེས་པ་ལྟར་རྒན་པར་རླུང་ངམ་བད་རླུང་།དར་མར་མཁྲིས་པ།བུད་མེད་ལ་ཁྲག་ནད་རྐྱེན་གྱིས་མགོ་ནད་མང་བ་བཅས་སོ།དེ་ལ་ཕྱི་ལུགས་སྨན་གྱིས་རྒྱུ་རྐྱེན་དང་དབྱེ་བ་གང་ཡིན་ཡང་།མང་ཆེ་བསA.S.PདངA.U.Tསོགས་ཟུག་གཅོག་གི་སྨན་སྟེར་གྱི་ཡོད།མགོ་བོའི་ནད་བྱེ་བྲག་ཏུ་དབྱེ་ན《མན་ངག་ལྷན་ཐབས
》ལས།“ལུས་སྟོད་དབང་པོའི་ཐོག་མ་མགོ་ཡི་ནད།།དེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ལྔ།།རྒྱུ་རྐྱེན་དུད་པ་ཉིན་མཚན་གཉིད་ཆགས་དང་།།ཆང་དང་མང་སྨྲ་ངུ་བ་དྲགས་པ་དང་།།རླུང་འཚུབ་མ་གོམས་དྲིས་ཕོག་རྒྱུ་ལས་བྱང།།དབྱེ་བ་གཙོ་བོའི་ནད་བརྒྱད་ཕལ་པ་དྲུག།གསུངས་ཀྱང་སྐབས་འདིར་རླུང་མཁྲིས་ཁྲག་བད་རླུང་།།བད་མཁྲིས་རླུང་མཁྲིས་ལྡན་དང་ཕལ་པ་བདུན།།”ཞེས་པ་ལྟར་རིམ་བཞིན་དུ་མགོ་ནད་སོ་སོའི་རྟགས་དང་བཅོས་ཐབས་གོ་སླ་ལ་ཕན་ཆེ་བས་སྐོར་ཞིག་བྲིས་ནས་མི་སུ་ཡིན་ཡང་མགོ་བོ་ན་བས་ན་དེའི་རྒྱུ་རྐྱེན་གང་ཡིན་པ་དང་།བྱེ་བྲག་མགོ་ནད་རིགས་གང་ཡིན་པ་དེ་ཤེས་པར་མ་ཟད།དེ་བཅོས་ཐབས་ལག་ལེན་གྱི་ཤེས་བྱ་བསྡུས་པ་འགའ་རེ་བསྟན་པར་སྤྲོ་བ་ལ་གཟིགས།
བདེ་ཐང་ཡིན་མཁན་གྱིས་རྒྱུན་དུ་སྨན་ལྡན་སོ་སྨན་སྤྱོད་རྒྱུ་མེད།
སྨན་ལྡན་སོ་སྨན་སྣ་ཚོགས་ནི་ཁ་སྦུག་གི་ནད་ལ་དམིགས་ནས་བཟོས་པ་ཞིག་ཡིན་པས་ནད་ཀྱི་གནས་ཚུལ་ལ་གཞིགས་ཏེ་འདེམས་སྤྱོད་བྱེད་དགོས་པ་དང་གལ་ཏེ་འདེམས་སྤྱོད་ཡག་པོ་མ་བྱུང་ན་ཞོར་སྐྱོན་ངེས་ཅན་ཞིག་ཡོང་སྲིད་པ་དཔེར་ན།སྐྱེ་དངོས་ཀྱི་བ་ཚྭ་ཅུང་མང་བ་འདུས་པ་འགའ་ཞིག་དང་གཟུགས་གཟེར་ཧ་ཅང་ཆེ་བའི་སོ་སྨན་ཁག་གཅིག་བདེ་ཐང་ཡིན་མཁན་གྱིས་ཡུན་རིང་སྤྱད་ན་ཁ་སྦུག་གི་སྐྱི་པགས་ལ་གནོད་པ་དང་ཟ་ཤུགས་ཅུང་ཆེ་བའི་ཚོས་རྒྱུའི་སྨན་ལྡན་སོ་སྨན་འགའ་ཞིག་ཡུན་རིང་སྤྱད་ན་སོ་ངོས་ལ་བཙོག་པ་ཆགས་ནས་སོའི་མཛེས་ཆར་གནོད་ཀྱི་རེད།
དེར་བརྟེན་བདེ་ཐང་ཡིན་མཁན་གྱིས་རབ་བྱུང་ན་སྤྱིར་བཏང་གི་སོ་སྨན་གྱིས་སོ་འཁྲུད་དགོས་ཤིང་གང་ལགས་ཤེ་ན།སྤྱིར་བཏང་གི་སོ་སྨན་ནང་དུའང་ག་བུར་དང་ལི་ཤིའི་སྣུམ།པོ་ཧོའི་སྣུམ་སོགས་སྨན་ལྡན་འདུས་ཡོད་སྟབས་ཁ་སྦུག་ནད་སྣ་ཚོགས་འགོག་བཅོས་བྱེད་པའི་ནུས་པ་ལྡན་པས་རེད།
  • ལེ་ཚན་སྔོན་མ།:སོལ་དུག་ཕོག་ན་འཕྲལ་སྐྱོབ་བྱེད་ཐངས།
  • ལེ་ཚན་རྗེས་མ།:ཁྱེད་ལ་ཕྲུ་གུ་སྤྱང་གྲུང་ལྡན་པ་ཞིག་སྐྱེ་སྙམ་གྱི་འདུག་གམ།
  • དོ་སྣང་ཆེ་བའི་རྩོམ།