སྒྲ་སྙན་བྱུང་ཚུལ་བརྗོད་པ།(1)

 ཞི་ཆིན་གྱིས་བརྩམས། བུ་བཞིས་བསྒྱུར།        2010-09-01

 སྒྲ་སྙན་ནི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་བའི་བོད་ཀྱི་རོལ་ཆས་ཤིག་ཡིན་ཏེ། དེའི་དོན་གྲོལ་ན་སྙན་འཇེབས་ལྡན་པའི་སྒྲ་དབྱངས་ཞེས་པའི་དོན་ཡིན། སྒྲ་སྙན་ལ་དབྱེ་ན་རྒྱུད་བཞིན་དང་། རྒྱུད་དྲུག རྒྱུད་བཅུ་དྲུག རྒྱུད་ཉི་ཤུ་ཅན་བཅས་ཡོད་ཅིང་། རྒྱུད་དྲུག་སྒྲ་སྙན་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ།
    
རྒྱུད་དྲུག་སྒྲ་སྙན་གྱི་རིང་ཚད་ལ་སྨི་གཅིག་ལྷག་ཡོད་པ་དང་། སྒྲ་སྙན་གྱི་ངོས་ནི་སྤུས་ལེགས་ཤིང་ལས་གྲུབ་པས་སྒྲ་སྙན་ཞིང་བཀོལ་བདེ་བ་ཞིག་ཡིན། དེའི་འཁྲབ་སྟངས་ནི་ལག་པ་གཡོན་པས་སྒྲ་སྙན་བཟུང་ཞིང་སྐུད་པ་གནོན་པ་དང་ལག་གཡས་ཀྱིས་སྒྲ་སྙན་རྡུང་ཞོར་གླུ་ལེན་བྲོ་འཁྲབ་བྱས་ཆོག རྒྱུད་དྲུག་སྒྲ་སྙན་ནི་བོད་རིགས་ས་ཁུལ་ཀུན་ཏུ་ཧ་ཅང་དར་ཁྱབ་ཆེ།སྒྲ་སྙན་གྱི་བྱུང་བ་བརྗོད་པ།
     
སྒྲ་སྙན་འབྱུང་ཚུལ་ཐད་ལ་བཤད་སྲོལ་སྣ་ཚོགས་ཡོད་དེ། ངག་རྒྱུན་ལྟར་ན། གནའ་སྔ་མོར་མཚོ་བོད་མཐོ་སྒང་རྒྱ་མཚོ་ཆེན་པོ་ཡིན་པའི་སྐབས་སུ་རྒྱ་མཚོ་ལས་ལག་ཏུ་སྒྲ་སྙན་བསྣམ་པའི་དབྱངས་ཅན་ལྷ་མོ་ཞིག་ཡོང་སྟེ་སྒྲ་སྙན་གཏོང་ཞིང་བྲོ་འཁྲབ། ཁོ་མོའི་ཡབ་ནི་ལྷ་དང་ཡུམ་ནི་རྒྱ་མཚོ་ཡིན་པར་བརྗོད། ཁོ་མོ་སྙན་ངག་ལ་དགའ་བར་མ་ཟད་རོལ་དབྱངས་ལའང་མོས་འདུན་ཟབ་མོ་ཡོད་པས། བོད་མི་རྣམས་ཁོ་མོར་དགའ་ཞེན་ཆེན་པོ་ཡོད། དེར་བརྟེན་བོད་མི་རིགས་སྒྲ་སྙན་ལའང་ཧ་ཅང་དགའ་བ་བྱུང་སྐད། མཁས་པ་ལ་ལའི་བཞེད་པ་ལྟར་ན་སྒྲ་སྙན་ནི་གནའ་བོའི་རྒྱ་གར་ནས་བོད་དུ་དར་བ་དང་། ཡང་མཁས་པ་ལ་ལས་རྒྱ་བཟའ་ཀོང་ཇོས་བོད་དུ་དར་བ་དང་། ཡང་མཁས་པ་ལ་ལས་རྒྱ་བཟའ་ཀོང་ཇོས་བོད་ལ་འཁྱེར་ཡོང་སྟེ་ད་བར་ལོ་ཆིག་སྟོང་ལྷག་སོང་བར་འདོད།
  • ལེ་ཚན་སྔོན་མ།: རྐང་གླིང་།
  • ལེ་ཚན་རྗེས་མ།:བོད་ཀྱི་སྒྲ་སྙན་གྱི་ཁྱད་ཆོས་དང་དཀྲོལ་ཐབས།