ཅི་ཞིག་ལ་ཐུམ་འབུའི་ནད་ཟེར།

        2012-08-09

ཐུམ་འབུའི་ནད་ཟེར་བ་ནི་གྲ་འབུམ་འབུ་ཕྲའི་ནད་ཀྱི་སྟབས་བདེའི་འབོད་སྲོལ་ཡིན།གྲ་འབུམ་སྐུད་འབུའི་འབུ་ཕྲུག་མི་དང་ཕྱུགས་ཟོག་གི་ལུས་སྟེང་དུ་གནས་པ་ལ་བརྟེན་ནས་མི་དང་ཕྱུགས་རིགས་ལ་ཐུན་མོང་དུ་འགོས་པའི་འཚོ་རྟེན་འབུའི་ནད་ཡིན་ཞིང་།དེ་ནི་མི་ལུས་བདེ་ཐང་ལ་གནོད་པ་ཆེ་བ་དང་མི་ཕྱུགས་གཉིས་ལ་ལྷན་དུ་འགོ་བ།ནད་ཡུན་རིང་བ།སྨན་བཅོས་བྱེད་དཀའ་བའི་ནད་རིགས་ཤིག་རེད།ཀྲུང་གོའི་ནུབ་བྱང་ས་ཁུལ་ནི་འཛམ་གླིང་སྟེང་དུ་ཐུམ་འབུའི་ནད་བྱུང་ཆེ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ།གཙོ་བོ་ཞིན་ཅང་།ཀན་སུའུ།མཚོ་སྔོན།ཉིང་ཞ།བོད་ལྗོངས།སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ས་ཁུལ་དང་རྔ་བ་ས་ཁུལ་བཅས་སུ་མང་དུ་རིག་རྒྱུ་ཡོད།
 
  • ལེ་ཚན་སྔོན་མ།:དབྱར་དུས་སུ་ཟས་དུག་ཕོག་པར་མཉམ་འཇོག་བྱེད་དགོས།
  • ལེ་ཚན་རྗེས་མ།:འགོས་ནད་སྔོན་འགོག་བྱ་ཐབས།
  • དོ་སྣང་ཆེ་བའི་རྩོམ།