ཡང་བསྐྱར་ཁང་ཆའོ་དང་གྱེས་པ།

མཐའ་བ་བཀྲ་དོན་གྱིས་བསྒྱུར།    སྦྲང་ཆར།    2012-07-17

ཡང་བསྐྱར་ཁང་ཆའོ་དང་གྱེས་པ།

དལ་ཅག་གེར་ང་ནི་བུད་འགྲོ།
དལ་ཅག་གེར་ཐོན་པ་ཇི་བཞིན།
ངའི་དལ་ལྷོད་ཀྱི་ལག་གཡུག་འདི་ནི།
ནུབ་མཐའི་མཚམས་སྤྲིན་ལ་ཕུལ་པའི་གྱེས་བརྡ་ཡིན།
ཆུ་འགྲམ་གྱི་ལྕང་སྡོང་སེར་པོ།
ནུབ་མཐའི་ཉི་ཟེར་ཁྲོད་ཀྱི་བག་གསར་བཞིན།
དྭངས་མོའི་ཆུ་ལ་ཤར་པའི་མཆོར་སྒེག་དེ།
ངའི་སེམས་ཁོང་ན་གཡོ་ཞིང་འགུལ།
ཆུ་གཏིང་ནས་སྐྱེས་པའི་ལྗང་མདོག་གི་ཞིན་ཚེ་དེ།
སྣུམ་ཤིག་གེར་ཆུ་གཏིང་ན་གཡོ་ཞིང་ལྡེམ།
ཁང་ཆུའི་འཇམ་མཉེན་གྱི་རླབས་རིས་ནང་།
ང་ཆུ་རྩྭ་རྐང་ཞིག་ཡིན་ནའང་ཅི་མ་རུང་།
ཡོ་འབོག་གྲིབ་བསིལ་འོག་ཏུ་འཁྱིལ་པ་དེ།
དྭངས་བསིལ་གྱི་ལྟེང་ཀ་མ་ཡིན་པར།
ནམ་མཁའི་འཇའ་ཚོན་ཉིད་དེ།
ཆུ་ཁར་གཡེང་བའི་ལྗང་ལོ་ལ་བསྲེས་པས།
འཇའ་ཚོན་ལྟ་བུའི་རྨི་ལམ་གཏིང་ལ་སྙིགས།རྨི་ལྟས་འཚོལ་ལམ།མཁན་རྐང་རིང་བོ་ཞིག་ལ་བརྟེན་ནས།
སྟོད་ཕྱོགས་ལྗང་མདོག་གི་འདབ་ལོ་སྟུག་སར་སྙེག
སྐར་འོད་ལམ་ལམ་གྱིས་གྲུ་ཁ་ཁེངས་པས།
སྐར་འོད་འཚེར་བའི་ཁྲོད་གླུ་སྐད་གྱེར།
འོན་ཀྱང་ངས་གླུ་ལེན་མི་ཉན།
ཀ་རོག་གེར་འདུག་རྒྭ་ནི་གྱེས་ཁ་མའི་རོལ་དབྱངས་ཡིན།
འབུ་སྲིན་གྱིས་ཀྱང་ངའི་ཆེད་དུ་ལྷིང་འཇགས་སྲུང་བས།
ལྷིང་འཇགས་ནི་དོ་དགོང་གི་ཁང་ཆའོ་ཡིན།
དལ་ཅག་གེར་ང་ནི་བུད་འགྲོ།
དལ་ཅག་གེར་བསླེབས་པ་ཇི་བཞིན།
ངས་ཕུ་རུང་གཡུག་གཡུག་བྱེད་པས།
སྤྲིན་པ་ལེབ་མོ་ཙམ་ཡང་རྒྱང་ལ་མི་འཁུར།
དངོས་སྦྱོང་སློབ་མ་ལྷ་སྐྱིད།
  • ལེ་ཚན་སྔོན་མ།:ཡང་བསྐྱར་ཁང་ཆའོ་དང་གྱེས་པ།
  • ལེ་ཚན་རྗེས་མ།:མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཨིན་ཡིག་ཏུ་བརྩམས་པའི་སྙན་ངག་ཅིག