དཔའ་སྲེག་རོང་ཤང་ཁུ་ཤུད་རོང་གི་མཛེས་ལྗོངས།

གངས་དབང་གིས།        2012-06-06

དཔའ་སྲེག་རོང་ཤང་ཁུ་ཤུད་རོང་གི་མཛེས་ལྗོངས།

དཀར་མཛེས་ཁུལ་དར་མདོ་རྫོང་དཔའ་སྲེག་རོང་ཤང་གི་ཁུ་ཤུད་རོང་གི་ཁོར་ཡུག་ནི་མཛེས་ཤིང་ལྟ་ན་སྡུག་པས་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་ཞིག་རེད།མཐོན་པོར་འགྱིང་བའི་རི་བོ་དང་ལྷུང་ལྷུང་དུ་བཞུར་བའི་དྭངས་གཙང་གི་ཆུ་བོ།ཚང་ཚིང་དུ་སྐྱེས་པའི་ནགས་ཚལ་དང་གཡུ་ཡི་མེ་ལོང་ལྟར་འཁྱིལ་བའི་མཚོ་དང་མཚེའུ། གཤིས་རྒྱུད་འཇམ་ལ་གཞུང་རྒྱུད་དྲང་བའི་ཡུལ་མི།ཁྱད་ཆོས་མངོན་པར་དོད་པའི་ཡུལ་སྲོལ་གོམས་གཤིས་བཅས་ཀྱིས་བདེ་ལྡན་གྱི་ཞིང་ཁམས་ཤིག་ལྷུན་གྱིས་གྲུབ་ཡོད།དེ་ཡང་བཤད་སྲོལ་ལྟར་ན་ཁུ་ཤུད་ཅེས་པ་ནི་མི་ཉག་གི་ཡུལ་སྐད་དེ་ཁྱི་ཡི་སྐྱག་པ་ཞེས་པའི་དོན་ཡིན་ལ་ཆེས་ཐོག་མར་ཡུལ་དེར་ཁྱི་ཡི་སྐྱག་པ་ཞིག་ལས་ནས་ཀྱི་་མྱུ་གུ་སྐྱེས་པས་དེ་ལ་བརྟེན་ནས་ཡུལ་མི་རྣམས་ཀྱི་རྒྱུད་འཕེལ་ཞིང་རྒྱས་པར་འདོད་དོ།།

དཔའ་སྲེག་རོང་ཤང་ཁུ་ཤུད་རོང་གི་མཛེས་ལྗོངས།
པད་མའི་མཚོའི་མཛེས་ལྗོངས།དཔའ་སྲེག་རོང་ཤང་ཁུ་ཤུད་རོང་གི་མཛེས་ལྗོངས།

བྲལ་ཐབས་མེད་པའི་རི་ཆུ།དཔའ་སྲེག་རོང་ཤང་ཁུ་ཤུད་རོང་གི་མཛེས་ལྗོངས།

བག་ཕེབས་ཀྱི་འཚོ་བ།དཔའ་སྲེག་རོང་ཤང་ཁུ་ཤུད་རོང་གི་མཛེས་ལྗོངས།

རི་ཆུ་ལྷན་འཛོམས།

  • ལེ་ཚན་སྔོན་མ།:སེམས་ཀྱིས་འདོད་ལ་ལུས་ཀྱིས་གཞལ་བའི་གནས་མཆོག
  • ལེ་ཚན་རྗེས་མ།:རི་ཆུའི་མཛེས་སྡུག་ལ་འཁྱུད་པའི་དུངས་སེམས།