ལུས་སེམས་མྱོས་བར་བྱས་པའི་པད་མའི་མཚོ་ངོ་སྤྲོད་མདོར་བསྡུས།

གངས་དབང་གིས།        2012-06-05

ལུས་སེམས་མྱོས་བར་བྱས་པའི་པད་མའི་མཚོ་ངོ་སྤྲོད་མདོར་བསྡུས།
པད་མའི་མཚོ།
རྒྱ་བོད་ཀུན་གྱི་ངག་ལ་རླུང་ལྟར་གྲགས་པའི་པད་མའི་མཚོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་དཔའ་སྲེག་རོང་ཤང་ཁུ་ཤུད་རོང་གི་རི་འགོར་གནས་ལ་དར་མདོ་རྫོང་དང་སྤྱི་ལེ185ཙམ་གྱིས་བརྒྱངས།མཚོ་ཡི་གཡས་གཡོན་དུ་ཐང་ཤིང་དང་སྟག་མ་སོགས་སྟུག་པོར་སྐྱེས་ཡོད་པའི་རི་བོའི་ཕྲེང་བས་བསྐོར་ལ་མཚོ་ངོས་དྭངས་ཤིང་གསལ་བ་གཡུ་ཡི་མེ་ལོང་ཞིག་དང་མཚུངས།དཔྱིད་ཀྱི་དཔལ་ཡོན་ཤར་བ་དང་བསྟུན་ནས་སྟག་མའི་མེ་ཏོག་གཙོ་བོར་བྱས་པའི་མེ་ཏོག་སྣ་ཚོགས་ལྷུག་གེར་བཞད་ལ་མཚོའི་འགྲམ་དུ་རྟ་ནོར་གྱིས་བག་ཕེབས་ངང་རྩྭ་མཉེན་ལ་རོལ་ཞིང་འདབ་ཆགས་རྣམས་ཀྱིས་སྙན་འཇེབས་གྲེ་འགྱུར་དང་བཅས་ཕར་འཕུར་ཚུར་ལྡིང་བྱས་པ་དང་།དབྱར་གྱི་ལང་ཚོ་རྒྱས་དུས་མཚོའི་ཁ་ཞེང་ཡང་ཇེ་ཆེར་གྱུར་ཏེ་མཐོ་ས་ནས་བལྟས་ན་གྱ་གྱུར་མང་བའི་ལམ་ཕྲ་སྦོམ་མང་པོ་ཕན་ཚུན་བསྣོལ་བ་དང་ཀུན་ནས་མཚུངས།པད་མའི་མཚོ་ལ་ལྟད་མོ་བལྟ་སར་འགྲོ་ན་ཁུ་ཤུད་རོང་གི་སྟོད་ལ་དར་མདོ་རྫོང་གི་ལི་ཆུ་ནགས་ལས་ས་ཚུགས་ཟེར་བ་ཞིག་ཡོད་ལ་དེའི་བར་དུ་རླངས་འཁོར་དུ་བསྡད་ཆོག དེ་ནས་རང་གི་འདོད་མོས་ལྟར་རྟ་དང་འཕྲུལ་རྟ་གང་རུང་གླས་ཏེ་འགྲོ་ཆོག རྟ་གླས་ནས་འགྲོ་ན་ཆུ་ཚོད་གཅིག་ཡས་མས་སུ་པད་མའི་མཚོ་ལ་བསླེབ་ཐུབ་ལ་ལམ་བར་དུ་གདོད་མའི་ནགས་ཚལ་དང་བོད་མིའི་འབྲོག་པའི་འཚོ་བ།གངས་ཆུ།སྟག་མའི་མེ་ཏོག་སོགས་ལ་བལྟ་ཆོག་པ་མ་ཟད་པད་མའི་མཚོའི་འོག་ལ་ཚ་ཆུ་རང་འཁོལ་མའི་ནང་ལ་ཚ་ཉལ་བྱས་ཆོག་ལ་ཕོ་བའི་ནད་ལ་ཕན་པ་ཆེ་བའི་གྲུབ་ཆུ་བདུད་རྩི་མ་བཅས་ཡོད་དོ།།ལུས་སེམས་མྱོས་བར་བྱས་པའི་པད་མའི་མཚོ་ངོ་སྤྲོད་མདོར་བསྡུས།

པད་མའི་མཚོའི་མཐའ་འགྲམ།ལུས་སེམས་མྱོས་བར་བྱས་པའི་པད་མའི་མཚོ་ངོ་སྤྲོད་མདོར་བསྡུས།

ཚ་ཆུ་རང་འཁོལ་མ།ལུས་སེམས་མྱོས་བར་བྱས་པའི་པད་མའི་མཚོ་ངོ་སྤྲོད་མདོར་བསྡུས།

གྲུབ་ཆུ་བདུད་རྩི་མ།ལུས་སེམས་མྱོས་བར་བྱས་པའི་པད་མའི་མཚོ་ངོ་སྤྲོད་མདོར་བསྡུས།

ཚ་ཉལ་རྫིང་བུ།

  • ལེ་ཚན་སྔོན་མ།:མཛེས་པའི་ཝ་ཤུལ་མཚོ་ཡི་ཡུལ་ལྗོངས།
  • ལེ་ཚན་རྗེས་མ།:ལུང་བསྟན་འབྲུག་མོ་མཚོ།