གནམ་མཚོའི་ཤོད་ཚུལ།

        2012-04-25

གནམ་མཚོའི་ཤོད་ཚུལ།
ཐང་ལྷའི་རི་རྒྱུད་ཀྱི་བྱང་ཕྱོགས་སུ་ས་མཐོའི་མཚེའུ་ཆེ་ཤོས་གནམ་མཚོ་ཕྱུག་མོ་ཡོད།མཚེའུ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1993དང་ཤར་ནས་ནུབ་ཀྱི་བར་སྤྱི་ལེ70དང་།ལྷོ་ནས་བྱང་བར་སྤྱི་ལེ30དང་།གཏིང་ཚད་ལ་སྤྱི་50སྐོར།མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི4118སར་ཡོད།གནམ་མཚོའི་ཕྱེད་མིན་ཙམ་ནག་ཆུ་ས་གནས་ཀྱི་སྤང་ཁ༼དཔལ་མགོན༽རྫོང་ཁོངས་དང་།ཕྱེད་ལྷག་ཙམ་འདམ་གཞུང་རྫོང་ཁོངས་སུ་གནས།གནམ་མཚོ་ལ་ཉ་ཡི་གསོག་ཚད་ཧ་ཅང་ཆེན་པོ་ཡོད་སྐད།གནམ་མཚོ་ཡི་མཐའ་སྐོར་དུ་ཉིན་གྱི་དེའུ་བཅོ་བརྒྱད་དང་སྲིབ་ཀྱི་གདོང་ཆེན་བརྒྱད་ཅེས་རི་ཆུང་བཅོ་བརྒྱད་དང་རི་སྣ་བཅོ་བརྒྱད་ཡོད་ཟེར།གནམ་མཚོའི་ཆུ་ཡི་འབྱུང་ཁུངས་ནི་ཤར་དུ་ནག་ཆུ་རྫོང་ཁོངས་སུ་ཡོད་པའི་བསམ་གཏན་གངས་བཟང་དང་།ལྷོ་རུ་གཉན་ཆེན་ཐང་ལྷ།ནུབ་ཏུ་སྙེ་མོ་རྫོང་ཁོངས་ཀྱི་ཇོ་མོ་གངས་དཀར་བཅས་གངས་རི་ཆེན་པོ་གསུམ་གྱི་འབབ་ཆུ་ཡིན།གནམ་མཚོའི་གཡས་གཡོན་དུ་རྩྭ་ཐང་རྒྱ་ཆེ་ལ་རྩྭ་ཆུ་བཟང་བ།གང་སར་མེ་ཏོག་ཁྲ་ཆེམ་མེར་གནས་པས་ཡུལ་མཛེས་ཤིང་འབྲོག་ལས་བྱེད་པའི་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཡོད།གནམ་མཚོ་ནི་གནས་མཆོག་ཅིག་ཏུ་བརྩིས་ཤིང༼གནམ་མཚོའི་གསོལ་འདེབས༽ཞེས་པར་ཕྱི་ལྟར་དབང་སྔོན་ཞུན་མ་འཁྱིལ་འདྲའི་མཚོ།།ནང་ལྟར་དཔའ་བོ་མཁའ་འགྲོ་འདུ་བའི་གནས།།གསང་བ་རྒྱལ་ཡུམ་རྡོ་རྗེ་ཀུན་གྲགས་མ།།གནས་མཆོག་གནམ་མཚོ་ཕྱུག་མོར་གསོལ་བ་འདེབས།།ཞེས་འདོན་སྲོལ་ཡོད།གནམ་མཚོའི་དཀྱིལ་་དུ་བྲག་རྡོ་དང་དེའུ་འགའ་ཤས་ཡོད་པར་ཡང་གནས་བཤད་མང་པོ་རྒྱག་སྲོལ་འདུག་གོ།
  • ལེ་ཚན་སྔོན་མ།:མ་ཕམ་གཡུ་མཚོའི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:ངོ་མཚར་ཆེ་བའི་རྨ་ཆུའི་ཆུ་འགོ་མཚོ་སྐྱ་རིང་དང་སྔོ་རིང་།