ཀརྨ་དགོན།

        2012-04-18

ཀརྨ་སྐུ་ཕྲེང་དང་པོ་ཀརྨ་དུས་གསུམ་མཁྱེན་པས་རབ་བྱུང་གསུམ་པའི་ཤིང་སྦྲུལ་སྤྱི་ལོ༡༡༨༥ལོར་ཕྱག་བཏབ་པ་ནས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་བའི་འགོ་ཚུགས་པ་ཡིན།དེ་ནས་ལོ་ལྔ་སོང་རྗེས་སྟོད་ལུང་མཚུར་ཕུ་དགོན་པ་ནི་ས་བྱ་སྤྱི་ལོ༡༡༨༩ལོར་ཕྱག་བཏབ་པ་ནས་མཚུར་ཕུ་ཀརྨ་པ་ཞེས་བཀའ་ལུགས་ཀྱི་གནས་གཞིའི་ས་གནས་གཅིག་པ་བརྟན་ཆགས་བྱུང་བ་ཡིན།ཀརྨ་དགོན་ནི་དེ་སྔོན་ལོ་རྒྱུས་ཐོག་རི་བོ་ཆེ་དགོན་པ་ནས་ཞོར་སྐྱོང་རྒྱུན་རིང་མཛད་ཅིང་ད་ལྟ་ཆབ་མདོ་རྫོང་ནས་རྩིས་པའི་བྱང་ངོས་སྤྱི་ལེ་བརྒྱད་ཅུ་ཙམ་ཡོད་པའི་ཆབ་མདོ་རྫོང་ནས་རྩིས་པའི་བྱང་ངོས་སྤྱི་ལེ་བརྒྱད་ཅུ་ཙམ་ཡོད་པའི་ཆབ་མདོ་རྫོང་གི་ཀརྨ་ཤང་གི་ས་ཡུལ་འདིར་ཡོད་ཅིང་ནང་རྟེན་ཇི་ཡོད་ཀྱི་གནས་ཡིག་ཁ་གསལ་ཤོས་དང་རྒྱས་ཤོས་བྱུང་བ་ཀ་ཐོག་སི་ཏུའི་གནས་ཡིག་འདི་ཡིན།ཀརྨ་སྐུ་ཕྲེང་དང་པོ་ནི༼སྤྱི་ལོ༡༡༠༩ནས་སྤྱི་ལོ༡༡༩༣༽རབ་བྱུང་གཉིས་པའི་ལྕགས་རྟ་ནས་རབ་བྱུང་གསུམ་པའི་ཆུ་གླང་བར་དགུང་ལོ་བརྒྱད་ཅུ་གྱ་བཞི་བཞུགས།
༼རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ།༽
  • ལེ་ཚན་སྔོན་མ།:དགོན་པ།
  • ལེ་ཚན་རྗེས་མ།:འདན་མའི་དྲན་གསོ་ཁང་།