དོན་དངོས་སུ་སུ་ལ་སྙིང་པོ་མེད།

        2012-04-16

ཀ་པ།“འཇིག་རྟེན་འདི་ན་འདི་ལྟ་བུའི་སྙིང་པོ་མེད་པའི་མི་ཡོད……།”ཁ་པ།“འདི་ལྟར་བཤད་དོན་ཅི་ཡིན།”
ཀ་པ།“མི་ཞིག་གིས་ཞོགས་པའི་ཆུ་ཚོད་བརྒྱད་ནས་ཕྱི་དྲོའི་ཆུ་ཚོད་བཞིའི་བར་དུ་ཉ་བཟུང་བ་ཡིན་ལ།གཅིག་ཀྱང་འཛིན་མ་ཐུབ།ཁྱོད་ཀྱི་བཤད་ན་དེ་སྙིང་པོ་ཡོད་དམ།”
ཁ་པ།“ངོ་མ་སྙིང་པོ་མེད་གི……ཡིན་ནའང་ཁྱོད་ཀྱིས་གནས་ཚུལ་དེ་ཇི་ལྟར་ཤེས་པ་ཡིན།”
ཀ་པ།“ངས་སྔ་མོ་ནས་ཁོ་འགྲོ་རག་བར་དུ་བལྟས་ནས་བསྡད།”
ཁ་པ།“ཁྱོད་ཀྱི་ལས་འདིར་ཡང་སྙིང་པོ་ཞིག་ཡོད་པ་མ་མཐོང་།”
  • ལེ་ཚན་སྔོན་མ།:འཕྲོག་བཅོམ།
  • ལེ་ཚན་རྗེས་མ།:ངའི་མེས་བསྲེགས་པ་ནི་ཤོག་སྙིགས་ཡིན།