གྲྭ་གཞོན་དང་གཞོན་ནུ་མའི་ཤགས་འགྱེད།

དགེ་གྲགས།(རྨ་ལྷོ)        2012-03-30

གྲྭ་གཞོན་ཞིག་ཡུལ་ནས་དགོན་པར་ལོག་པའི་ལམ་བར་དུ།རྩྭ་ར་སྐོར་བཞིན་པའི་གཞོན་ནུ་མ་ཞིག་དང་འཕྲད།གྲྭ་གཞོན་དེས་མོར་ཁ་ཞིག་བསླང་དགོས་སྙམ་སྟེ།ཨ་རོག་བུ་མོ།ཁྱེད་ཀྱིས་ལྕགས་ནག་ལྕགས་ཁེམ་བཟུང་ནས།ས་རྐོ་རྡོ་སློག་བྱས་ཚེ།ངས་ས་བདག་རྒད་པོར་བཤད་ན།ཁྱེད་མི་འདོད་ནད་ཀྱིས་ཐེངས་འོང་།ཞེས་བཤད་པས།བུ་མོ་དེ་ཁོང་དགོད་ཅིག་བྱས་ཏེ་ན་རེ།བསྟན་བཤིག་གྲྭ་གཞོན་ཁྱོད་རང་།ཚོགས་ཆེན་འདུ་ཁང་ནང་ནས།འཇིག་རྟེན་འཁོར་བ་ཤོད་དང་།ངས་དགེ་བསྐོས་ཆེན་པོར་བཤད་ན།ཁྱེད་འཕོངས་རྡུལ་ཡག་པོར་སྤྲུག་འོང་།ཞེས་བཤད་པས་གྲྭ་གཞོན་དེ་ཁ་གྲག་རྒྱུ་མེད་པར་གྱུར།
  • ལེ་ཚན་སྔོན་མ།:དཔོན་པོ་ངོ་མ།
  • ལེ་ཚན་རྗེས་མ།:རྒན་པོ་དང་མ་ཎི་འཁོར་ལོ།