གླིང་རི་བླ་མ་པདྨ་རྣམ་རྒྱལ།

པད་མ་སྐྱབས།        2012-10-09

འདན་མ་རིན་ཆེན་བསམ་འགྲུབ་ཀྱི་སྲས།ཆུང་བ་གཡུ་འོད་འབུམ་མེའི་འཕྲིན་ལས་ཀྱི་རྣམ་སྤྲུལ།གླིང་རི་བླ་མ་པདྨ་རྣམ་རྒྱལ་གྱིས་སྔོན་གནས་རྗེས་སུ་དྲན་གྱི་ཚུལ་མཛད་ནས་འདན་སྲས་ཀྱི་མཛད་རྣམ་དང་འདན་སྲས་སྒྲུང་བཤད་སྐབས་ཀྱི་དབྱངས་རྟ་གཡུ་འོད་དཀར་མོའི་སུམ་བཀུག་སོགས་མཛད་ནས།གཡུ་འོད་འབུམ་མེའི་རྣམ་སྤྲུལ་ཡིན་པས་ལོ་རྒྱུས་ཞིབ་ཏུ་གླེང་རྒྱུ་ཡོད། གེ་སར་རྒྱལ་པོའི་གསོལ་མཆོད་ཆེ་ཆུང་བཞི་གེ་སར་རླུང་རྟ་ཀ་འཛུགས། གེ་སར་ཚེ་འགུག། གེ་སར་གཡང་འབོད། གེ་སར་དགྲ་བཟློག གེ་སར་གསོལ་འདེབས། གེ་སར་བསང་མཆོད་ཆེ་ཆུང་གསུམ། གཡུ་རོང་བསེ་རྫོང་བཅས་ཀྱི་ལོ་རྒྱུས། གེ་སར་སྐུ་ཐང་སོགས་གེ་སར་རིག་གནས་ཕུན་སུམ་ཚོགས་པ་མཛད་ཡོད་པས།དེ་ཡང་རང་གི་རྩ་བའི་བླ་མ་གཏེར་ཆེན་ཀུན་བཟང་ཉི་མའི་ཞལ་གཟིགས་ནས་ཁྱོད་ཀྱིས་འཛམ་གླིང་དར་ཆེ་བཞེང་དགོས།མྱུར་དུ་འགྲུབ་པར་གྱིས་དང་མ་འོངས་པར་གླིང་གེ་སར་བསྟན་པ་འཛམ་གླིང་ལ་དར་བའི་རྟེན་འབྲེལ་ཡོད་གསུངས།དར་ཆེན་བཞེང་པ་དང་ཡིག་ཆ་ལོ་རྒྱུས་དང་བཅས་ད་ལྟ་མངོན་སུམ་དུ་ཡོད་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་རོང་བླ་མ་རིག་བདེ།
  • ལེ་ཚན་རྗེས་མ།:ཤིང་བཟོ་བླ་མ་ཀུན་བཟང་བསྟན་འཕེལ།