སོ་སྨན་གྱིས་ཚ་འབྲུམ་བཅོས་ཐུབ།

        2010-04-28

ཚ་བ་ཆེ་བའི་དབྱར་དུས་སུ་འབྲུམ་ནི་མི་རྣམས་བསུན་དགོས་པའི་པགས་ནད་ཅིག་ཡིན་པ་དང་།ལྷག་པར་དུ་ཕྲུ་གུ་ཆུང་ཆུང་ཡིན་ན་ཚ་འབྲུམ་གྱིས་ཟ་འཁྲུག་ལངས་ནས་སྡོད་བཟོད་མེད་པར་ངུ་ཤོར་བའི་གནས་སུ་གྱར་གྱི་ཡོད།རྒྱུན་ལྡན་མི་རྣམས་ཀྱིས་ཚ་འབྲུམ་གྱི་སྨན་ཕྱེ་བྱུག་པ་དང་།ཚ་འབྲུམ་གྱི་སྨན་ཆུས་བཅོས་པའི་སྲོལ་ཡོད་ཀྱང་སོ་སྨན་གྱིས་ཚ་འབྲུམ་བཅོས་པར་ཕན་ནུས་ཡགཔོ་ཡོད་པ་ཤེས་ཀྱི་ཡོད་པ་མ་རེད།སོ་སྨན་གྱི་བཅོས་ཐབས་ནི་གཟུགས་པོ་འཁྲུ་རིམ་བཞིན་དུ་སོ་སྨན་ཕྲན་བུས་ཡི་ཙི་ཚབ་བྱས་ནས་འཁྲུ་དགོས་ལ།ཚ་འབྲུམ་མང་པོ་སྐྱེ་སར་སོ་སྨན་བྱུགས་ནས་རིམ་བཞིན་ཕུར་ཕུར་གཏོང་དགོས།སོ་སྨན་གྱི་ནང་དུ་པོ་ཧོ་དང་ལི་ཤི་སོགས་ནད་འབུ་གསོད་པ་དང་དུག་སེལ་བའི་གྲུབ་ཆ་དང་།ལྦུ་བ་ལངས་སྨན་བཅས་ཡོད་པའི་རྐྱེན་གྱིས་ལུས་པོ་འཁྲུ་སྐབས་བསིལ་བའི་ཚོར་བ་ཡོང་གི་ཡོད།དེ་ལྟར་བསྟུད་མར་ཐེངས་ཁ་ཤས་བེད་སྤྱོད་བྱས་ན་ཚ་འབྲུམ་མེད་པར་འགྱུར་གྱི་ཡོད།
  • ལེ་ཚན་སྔོན་མ།:དགུན་ཁར་ཟ་ཚད་ཇེ་མང་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན།
  • ལེ་ཚན་རྗེས་མ།:གཟུགས་གཞི་ཐང་པོ་ཡོང་བར“དོ་སྣང་བྱེད་དགོས་པ་བདུན”
  • དོ་སྣང་ཆེ་བའི་རྩོམ།