མདོ་དྲི་མེད་གཟི་བརྗིད་ངོ་སྤྲོད།

        2010-08-26

     ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསང་གསུམ་གྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཁོངས་ནས་རྩོམ་པ་བོན་གྱི་འཁོར་ལོ་སྟེ། སངས་རྒྱས་བསྟན་པའི་གསལ་བྱེད་དང་ཕྱི་རབས་པ་རྣམས་ཀྱི་དོན་དུ། གཙོ་བོར་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་བཀའ་ཚད་མ་དང་། སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱིས་གསུངས་བའི་ལུང་ཚད་མ། དེ་དག་གི་ཚིག་དོན་གང་ཐད་ཐོག་དཔྱད་པ་གསུམ་གྱིས་དག་ཐེར་ཡང་ཡང་མཛད་པ་དང་། དཔྱད་དོན་གྱི་རྒྱུད་ཐོག་ལ་བཀལ་བའི་དགོངས་རྟོགས་རྣམས་པར་དག་པ་ལས་འཁྲུངས་པའི་རིག་པ་ཚད་མ་གསུམ་གྱི་བྲེ་སྲང་ལས་བཤར་བའི་ལེགས་བཤད་བདུད་རྩི་དང་འདྲ་བ་དུ་མ་རྗེས་བཞག་མཛད་པ་རྣམས་ཕྱོགས་བསྒྲིགས་བྱས་པའི་པོ་ཏི་སྟོབས་འཁོར་བཅུ་གསུམ་གྱི་གྲངས་དང་མཉམ་པ་ལོངས་འདུག་པ་རྟེན་འབྲེལ་གྱི་གནད་དུ་ལེགས། འདི་ག་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་བོད་ཀྱི་གནའ་བོའི་ཆོས་དང་རིག་གཞུང་མི་ཉམས་གཅེས་སྲུང་བྱ་རྒྱུའི་ལས་འཆར་དུ་མ་ཡོད་པའི་ནང་ནས་བོན་གྱི་གསུང་རབ་གལ་ཆེན་ཁག་དཔེ་གཟུགས་སམ་དེབ་གཟུགས་སུ་དཔར་འགྲེམས་བྱ་རྒྱུའི་ལས་འཆར་ཁོངས་སུ་ད་ཕན་གལ་ཆེའི་དཔེ་ཆ་དེབ་ཕྲེང་བཞི་བཏོན་ཟིན་པ་དང་། ད་ལམ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་རྟེན་འབྲེལ་མཛད་སྒོ་དང་བསྟུན་ཏེ་༧སྐྱབས་རྗེ་མཆོག་གིས་སྤྱི་ལོ་༢༠༠༢བར་མཛད་པའི་གསུང་འབུམ་པོད་བཅུ་གསུམ་ཐམ་པ་ཕྱོགས་སྒྲིག་དང་། དཔར་འགྲེམས་ཞུ་རྒྱུའི་གོ་སྐབས་བྱུང་བར་ངེད་ཚོ་གྲྭ་ཚང་བླ་སློབ་ཐམས་ཅད་དགའ་སྤྲོ་ཚད་ལས་འདས། དེ་ཡང་གསུང་འབུམ་པོད་བཅུ་གསུམ་གྱི་ནང་འཁོད་དཔེ་ཐོ་རགས་བསྡུས་ཤིག་བཀོད་ན། 
      པོད་དང་པོ་དང་གཉིས་པ་གཉིས་ཀྱི་ནང་དུ། མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་དང་། འབྲིང་པོ་གཟེར་མིག་གཉིས་ནས་སྟོན་པའི་སྐྱེས་རབས་ལོ་རྒྱུས་རྣམས་ཟུར་དུ་ཕྱུངས་ཏེ་དོན་གཉེར་ཅན་རྣམས་ཀྱིས་གཟིགས་བདེར་བཀོད་སྒྲིག་མཛད་ཡོད་པ་དང་། དོན་གནད་གལ་ཆེན་ཁག་འགར་དྭོགས་དཔྱོད་དང་གསལ་བཤད་གནང་ཡོད་ཅིང་གལ་ཆེའི་མིང་ཚིག་ཁག་འགར་ཟུར་བཀོད་ཀྱིས་མཆན་འགྲེལ་མཛད་ཡོད་པའི་གསུང་། ༼སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་པད་མ་དཀར་པོའི་ཕྲེང་བ༽ཞེས་པའི་པོད་སྟོད་སྨད་གཉིས་འཁོད་ཡོད། 
      པོད་གསུམ་པའི་ནང་དུ། རང་རིགས་གཞོན་སྐྱེས་རྣམས་ལ་བོད་རང་གི་གནའ་བོའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམ་གཤིས་བཅས་ངོ་སྤྲོད་ཆེད། བོན་ཆོས་གཉིས་ཀྱི་ཡིག་རྙིང་ཁུངས་མ་དག་ལ་གཞི་བཅོལ་ཏེ་རྒན་གཞོན་ཀུན་གྱིས་གོ་བདེ་གཙོར་འདོན་ཐོག་ལྷུག་པར་བྲིས་པའི་བོད་ཀྱི་རྒྱལ་རབས་༼སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་བོ༽ཞེས་པ་དང་། གཡུང་དྲུང་བོན་གྱི་བྱུང་ཁུངས་ལོ་རྒྱུས་དང་གཞི་ལམ་འབྲས་གསུམ་གྱི་ཉམས་ལེན་གོ་བདེ་དོན་བསྡུས་སུ་བཀོད་པ་༼གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ཉུང་བསྡུས་༽ཞེས་པ་དང་།

  • ལེ་ཚན་སྔོན་མ།:ཡོངས་འཛིན་བསྟན་འཛིན་རྣམ་དག་གི་གསུང་འབུམ།
  • ལེ་ཚན་རྗེས་མ།:༧དཔལ་ཁྲི་བརྟན་ནོར་བུ་རྩེ་ནས་བསྐྲུན་པའི་དཔེ་དེབ་ཁག་ཅིག