ཨ་ཀོང་ཇོ།

        2011-11-10

ཡབ་རྒྱ་རྗེ་ཀ་ར་ཀུན་ཀོན་དང་ཡུམ་བཙུན་མོ་ཉི་ཁྲི་སྐྱིད་གཉིས་ཀྱི་སྲས་མོ་སྟེ། སྲས་མོ་རང་གི་མ་ཡུམ་ཁྲི་སྐྱིད་དེ་སྲིན་མོ་སྤུན་དགུའི་ཁྲག་ལས་འཐོར་བའི་བུ་མོ་ཡིན་པས་རྒྱ་བོད་གཉིས་ཀྱི་སྲོག་གི་གཤེད་མར་འགྱུར་བ་དང་། སངས་རྒྱས་ཀྱི་བསྟན་པའི་དགྲ་བོ་ཞིག་འོང་ཉེན་ཡོད་པ་ཤེས་རྗེས། ཁོང་གིས་རྒྱ་ཁྲིམ་ཐར་བའི་བུ་མོ་སྤུན་བདུན་དང་གྲོས་བྱས་བྱས་ནས་རྒྱ་བྱ་འཆི་མེད་ཀྱིས་གཙོ་བྱས་པའི་བྱ་སྤུན་གསུམ་ཁྲ་མོ་གླིང་ལ་བཏང་སྟེ་འཛམ་གླིང་སེང་ཆེན་རྒྱལ་པོ་ལ་རྒྱལ་པོའི་མྱ་ངན་བསལ་བ་དང་། བཙུན་མོའི་རོ་རྡུལ་བཞུ་བ་རྒྱ་ནག་ཆོས་ལ་འགོད་རྒྱུའི་ཆེད་དུ་རྒྱ་ཡུལ་དུ་ཕེབས་རོགས་དགོས་པའི་གསེར་ཡིག་ཕུལ། གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ཡུལ་དུ་ཕེབས་ནས་འགྲོ་དོན་རྫོགས་ཏེ་ཕྱིར་དཀར་པོ་གླིང་ལ་བྱོན་སྐབས། ཨ་ཀོང་ཇོ་དང་བུ་མོ་སྤུན་བདུན། བློན་ཆེན་མུ་ཁྲི་ལྡན་པ། རི་བོ་ཐོག་བསྒུལ། ཁྲི་ཤོག་ལྡན་པ་རྣམས་ཀྱིས་སྤྲིན་ཤོག་མཐོན་པོའི་ལ་ཁ་བར་དུ་སྐྱེལ་མ་བྱས་སོ། །
  • ལེ་ཚན་སྔོན་མ།:ལྷ་མོ་ཟླ་འོད་གཞོན་ནུ།
  • ལེ་ཚན་རྗེས་མ།:ཨ་ལྕེ་སྲིན་མོ་སྒྲོལ་མ།