ལྷ་མོ་ཟླ་འོད་གཞོན་ནུ།

        2011-11-10

མོན་གྱི་སྲིན་པོ་གདོང་དམར་རི་ཁྲོད་ཀྱི་ཐེའུ་རང་བླ་མ་རྐང་གཅིག་གི་ཡུམ་ཡིན། དེའི་སྔོན་སངས་རྒྱས་སྲས་འོད་སྲུང་གིས་འཇིག་རྟེན་དུ་ཆོས་འཁོར་བསྐོར་བའི་དུས་སུ། ལྷོ་སྲིན་མོ་ཁྲག་འཁྲུག  ནུབ་ས་བདག་ལྟོ་དཀར། བྱང་བདུདནག་ལྟོ་ལྡིར། ཤར་བདུད་ཕ་བོང་རིས་མགོ་བཞི་ཡོད་པའི་ནང་ནས་སྲིན་མོ་སྤུན་བདུན་གྱི་གྲལ་དུ་ཡོད་པས། གདུལ་བྱར་མ་གྱུར། གླིང་རྗེ་གེ་སར་རྒྱལ་པོས་ཐེའུ་རང་བླ་མ་རྐང་གཅིག་འདུལ་བར་ཕེབས་སྐབས་དངོས་མེད་ལྷ་འདྲེ་འཆིང་བའི་ཞགས་པ་བཏབ་སྟེ་སྲིན་མོ་བཟུང་། སྲིན་མོས་ཕྱིན་ཆད་སེམས་ཅན་ལ་གནོད་འཚེ་མི་གཏོང་བ་དང་སངས་རྒྱས་ཀྱི་བསྟན་པ་སྲུང་རྒྱུ་ཁས་བླངས། སེང་ཆེན་རྒྱལ་པོས་དེའི་མིང་མགོ་ལ་རྡོ་རྗེ་བཞག   ཁ་ལ་བུམ་ཆུ་བླུག་སྟེ་དམ་ལ་བཏགས། གསང་མཚན་ལ་ལྷ་མོ་ཟླ་འོད་གཞོན་ནུར་གསོལ་ཏེ་སྒྲུབ་བརྒྱུད་བསྟན་པའི་སྲུང་མར་བསྐོས་སོ།  །
  • ལེ་ཚན་སྔོན་མ།:ལྷ་མོ་གཡུ་སྒྲོན།
  • ལེ་ཚན་རྗེས་མ།:ཨ་ཀོང་ཇོ།