ལྷ་མོ་གཡུ་སྒྲོན།

        2011-11-10

གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་སྲས་མོ་དང་། གླིང་དཀར་དྭངས་ཆེན་བདུན་གྱི་ཡ་གྱལ་ཏེ། སྒྲུང་ཡིག་ཏུ་ཁྲ་མོ་གླིང་གི་རྟ་རྒྱུག་སྟོན་མོའི་མཛད་སྒོའི་ནང་དུ་ཁོང་གི་མཚན་ཙམ་བཀོད་པ་ལས་མཛད་རྗེས་གཞན་མ་གསལ། གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ཡུལ་དུ་ཕེབས་སྐབས་ཁོང་དང་མེ་བཟའ་འབུམ་སྐྱིད་བཅས་བུ་མོ་སྤུན་བདུན་བྱ་རོག་ཏུ་སྤྲུལ་ནས་མི་ཉག་ཡུལ་ལ་འདོད་དགུའི་གཏེར་ནོར་རྣམས་འཚོལ་དུ་ཕྱིན་པར་གྲགས།
  • ལེ་ཚན་སྔོན་མ།:ལྷ་དཀར་སྒྲོལ་མ།
  • ལེ་ཚན་རྗེས་མ།:ལྷ་མོ་ཟླ་འོད་གཞོན་ནུ།