ཕོ་བའི་ནད་བཅོས་སྟངས་ཐད་ཀྱི་མི་འགྲིག་ས་བཞི།

སྒྲོལ་མ་སྐྱིད    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-09

མི་འགྲིག་ས་དང་པོ། ཕོ་བའི་ནད་དེ་འགོ་ནད་མིན་པར་ངོས་འཛིན་པ། 
སྤྱིར་མི་མང་ཆེ་བས་ཕོ་བའི་ནད་དེ་འགོ་ནད་མིན་པར་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་འཇུ་བྱེད་རྒྱུ་ལམ་སྨུག་པོར་གྱུར་བ་དང་དལ་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད་ཀྱི་ཕོ་ཞབས་དུང་འཁྱིལ་འབུ་ཕྲ་ནི་ཁ་ཆུའམ་མཆིལ་ཟེགས་བརྒྱུད་ནས་མི་གཞན་ལ་འགོ་ཀྱིན་ཡོད། 

མི་འགྲིག་ས་གཉིས་པ། འོ་མས་ཕོ་བའི་ནད་བཅོས་ཐུབ་པར་འདོད་པ། 
སྤྱིར་འོ་མ་འཐུང་ཚེ་ན་ཟུག་གཅོག་པའི་ནུས་པ་ཐོན་མོད། འོན་ཀྱང་འོ་མ་འཐུང་བ་མང་དྲགས་ཚེ་དེ་ལས་ལྡོག་སྟེ་ཕོ་བར་ངར་ཟུག་བླངས་ནས་ཕོ་བའི་ཆུ་སྐྱུར་སྔར་ལས་ཇེ་མང་དུ་བཏང་ཞིང་། ཕོ་བ་སྨུག་པོའི་ནད་གཞི་དེ་བས་ཇེ་སྡུག་ཏུ་གཏོང་སྲིད། 

མི་འགྲིག་ས་གསུམ་པ། ཟ་མ་ཟོས་རྗེས་སྦྱོང་བརྡར་བྱེད་པ། 
ཟ་མ་ཟོས་རྗེས་འཆམ་འཆམ་བྱས་ན་འགྲིག་མོད། འོན་ཀྱང་རྒྱུགས་པའམ་ཤུགས་ཆེ་བའི་ལུས་སྦྱོང་བྱས་ན་ཟས་འཇུ་བར་གནོད་པ་བཟོ་སྲིད། 

མི་འགྲིག་ས་བཞི་བ། ཕོ་བའི་ནད་དང་སེམས་ཁམས་བར་ལ་འབྲེལ་བ་མེད་པ།
སྤྱིར་ཕོ་བའི་ནད་ནི་ལུས་ཁམས་ཀྱི་ནད་གཞི་ཞིག་ཡིན་ལ་དེ་དང་སེམས་ཁམས་བར་འབྲེལ་བ་དམ་པོ་ཡོད། གཤིས་ཀ་རྩུབ་པོ་དང་ཡུན་རིང་ལ་སེམས་ཁམས་མི་བདེ་བ། འཚོ་བའམ་བྱ་བ་སོགས་ཀྱི་གནོན་ཤུགས་ཆེ་བ་བཅས་ནི་ཕོ་བའི་ནད་བྱུང་བའི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན། ནམ་ཡང་སེམས་ཁྲལ་ཆེ་ཞིང་བློ་མི་བདེ་བའི་མི་ལ་ཕོ་བའི་ནད་དེ་བས་འབྱུང་སླ།

  • ལེ་ཚན་སྔོན་མ།:མི་གཞན་གྱི་དངུལ་བུན་ལ་འགན་ལེན་བྱེད་སྐབས་བསམ་བློ་ཞིབ་མོ་གཏོང་དགོས།
  • ལེ་ཚན་རྗེས་མ།:ལག་པ་བཀྲུ་བའི་རྒྱུན་ཤེས་འགའ།
  • དོ་སྣང་ཆེ་བའི་རྩོམ།