ཆུ་ཤོག་ཁུག་མ་ཡོད་ཚད་དུ་བཟའ་ཆས་འཇུག་མི་རུང་།

        2010-04-28

ཆུ་ཤོག་ཁུག་མ་སྤྱད་དེ་བཟའ་ཆས་བཅུག་ན་ཁྱེར་བར་སྟབས་བདེ་ཡིན་ལ།སྣུམ་དང་བརླན་བཤེར་ཡང་འགོག་ཐུབ་མོད།ཡིན་ནའང་ཆུ་ཤོག་ཁུག་མ་ལ་ལར་དུག་ཡོད་པས་རྒྱུན་པར་བཟའ་ཆས་འཇུག་མི་རུང་།དཔེར་ན་ཅུ་ལུ་ཡེ་ཞི་སྙི་མོའི་ཆུ་ཤོག་ཁུག་མ་དེའི་ནང་གི་རིགས་ཤིག་ཡིན།རྒྱུ་མཚན་ནི་ཆུ་ཤོག་དེའི་ནང་གི་རིགས་ཤིག་ཡིན།རྒྱུ་མཚན་ནི་ཆུ་ཤོག་དེའི་ནང་དུ་རྒྱུ་ཆ་(རེངས་འཁུམ་སྐུལ་བྱེད་སྨན་རྩི་དང་གཏན་ཆགས་སྨན་རྩི་ལྟ་བུ﹚མི་ཉུང་བ་ཞིག་ལ་དུག་ཡོད་པ་དང་།སྣུམ་ཡོད་པའི་བཟའ་ཆས་ཀྱི་ཚིལ་བུ་དེ་ཡང་རེངས་འཁུམ་སྐུལ་བྱེད་སྨན་རྩིར་བསྡུ་ལེན་དང་འདུས་པའི་ནུས་པཡོད་པར་བརྟེན།གལ་ཏེ་ཆུ་ཤོག་ཁུག་མར་བཟའ་ཆས་འཇུག་ཚེ་ངེས་པར་དུ་ཐོག་མར་དེར་དུག་ཡོད་མེད་གསལ་པོར་ཤེས་དགོས་པ་ལས་གང་བྱུང་གིས་ཆུ་ཤོག་ཁུག་མར་བཟའ་ཆས་འཇུག་མི་རུང་ངོ་།
  • ལེ་ཚན་སྔོན་མ།:ཆང་བཏུང་མ་ཐག་ཇ་འཐུང་མི་རུང་།
  • ལེ་ཚན་རྗེས་མ།:དགུན་ཁར་ཟ་ཚད་ཇེ་མང་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན།
  • དོ་སྣང་ཆེ་བའི་རྩོམ།