བོད་ཟས་བཟོ་སྟངས།

        2011-09-14

བོད་ཕག་ཀྲོང་ཕོར། 
སྔོན་ལ་ཕག་ཤ་དེ་པགས་པ་དང་མཉམ་དུ་རིང་ཚད་འཚམ་པོ་ཞིག་དང་སྲབ་པོ་ཞིག་གཏུབས་ནས་དཀར་ཡོལ་ལམ་ལྕགས་ཕོར་ནང་གྲལ་སྟར་བསྒྲིགས་དགོས་པ་དང་དེའི་སྒང་ལ་ལྒ་སྨུག་དང་། གཡེར་མ། ཚྭ་ཕྲན་བུ། ཚལ་སྙལ་མ་བཅས་བླུགས་རྗེས་ཚལ་སྙལ་མའི་སྟེང་དུ་པགས་པ་བཤུས་ཟིན་པའི་ཞོག་ཁོག་གམ་ལ་ཕུག་གྲུ་བཞི་གཏུབས་ནས་བླུགས་དགོས་པ་མ་ཟད་མོག་གྲུའི་ནང་ཀྲིང་ནས་ཞལ་ལག་མཆོད་ཁར་སྡེར་མའི་ནང་བཏོན་ན་འགྲིག  
  སྒོ་ང་སེར་བཀྲག  
བཟོ་སྟངས་ནི་སྔོན་ལ་སེར་ཤ་ཆུའི་ནང་སྦང་དགོས། དེ་ནས་སྒོ་ང་རྡོག་བཙོས་བརྒྱབ་སྟེ་པགས་པ་བཤུ་དགོས་པ་དང་ཚལ་སླང་ནང་མར་ཁུ་ཕྲན་ཙམ་བླུགས་རྗེས་སེར་ཤ་དང་། སྒོ་ང། མཉམ་དུ་བཀོལ་ནས་ཚྭ་བརྒྱབ་ནས་མེ་ཚད་འབྲིང་ཙམ་བྱུང་ན་འགྲིག
ཤིང་འབྲས་ཞོ་མངར།
འབྲིའམ་བ་ཕྱུགས་ཀྱི་ཞོ་རྒྱ་མ་གཅིག་དང་བྱེ་མ་ཀ་ར་སྲང་དོ་རྒུན་འབྲུམ་ཕྲན་བུ། ཚ་ལུ་མ་ཕྲན་བུ། ཆི་བི་ཁ་ཕྲན་བུ་མཅས་མཉམ་དུ་བླུགས་ནས་ཁ་ལག་གི་རྗེས་ལ་བཟས་ན་ཁ་ལག་འཇུ་བདེ་བ་དང་ལྷག་དོན་ཞག་ཚི་ཆེ་བའི་ཁ་ལག་གི་རིགས་བཟོ་རྗེས་ངམ་མི་རྒྱག་པའི་ཁྱད་ཆོས་ལྡན་ཡོད།
 བྱ་ཤ་ཁུ་ཚ།
བཟོ་སྟངས་ནི་སྔོན་ལ་བྱ་དེའི་ཤ་རྡོག་བཙོས་རྒྱག་དགོས་པ་དང་དེ་རྗེས་ཤ་བཏུབས་སུར་པན་དང་། ཚྭ། ཙོང་། ལྒ་སྨུག  གཡེར་མ། སྣུམ་བཙག་བཅད་ཚར་བ་དང་མཉམ་བསྲེས་བྱས་ནས་གྲང་ཚལ་བཟོས་ན་འགྲིག
   དབྱར་རྩྭ་གསེར་ཐང་།
དབྱར་རྩྭ་དགུན་འབུ་རྐང་༡༥དང་སེར་ཤ་༤མར་སྲང་༢ཚྭ་ཆན་༡ལྒ་སྨུག་ཆན་༢བཅས་དགོས། བཟོ་སྟངས་ནི་སེར་ཤ་དང་། དབྱར་རྩྭ་དགུན་འབུ། ལྒ་སྨུག    ཚྭ་བཅས་ལ་ཆུ་ཕྲན་བུ་བླུགས་ནས་མེ་ཚད་ཆུང་ངུའི་ཐོག་བཀབ་ནས་བསྐོལ་ན་འགྲིག 
ལུད་གྲོད་ཁ་ཚ།
ལུག་མགོ་བཙོས་ནས་ཤ་ཕྲལ་ཏེ་བཏུབས་དགོས་པ་དང་དེ་ནས་ལུག་གི་གྲོད་པ་ཆུ་འཁོལ་མའི་ནང་སྤུ་ཤར་བཏང་ནས་བཙོས་ཏེ་སིལ་སིལ་གཏུབས་རྗེས་ཀླད་པ་དང་། ཟི་ར། ཚྭ། རི་སྒོ།  མགོ་ཤ་བཅས་མཉམ་བསྲེས་བཏང་ནས་ཁ་ཚ་བཟོ་རྒྱུ།
ཐུད་ཞོ
སྔོན་ལ་མར་བཞུར་དགོས་པ་དང་དེ་ནས་སུར་ཕན་དང་། ཕྱུར་རུལ་མར་ཁུའི་ནང་བླུགས་ཏེ་མེ་ཆུང་ངུའི་ཐོག་བསྐོལ་དགོས། དེ་རྗེས་ཞོ་བླུགས་ཏེ་རོམ་ཙམ་བསྐོལ་ན་འགྲིག   
  • ལེ་ཚན་སྔོན་མ།:དམངས་ཁྲོད་ཀྱི་ཇ་བཤད་རིག་གནས།
  • ལེ་ཚན་རྗེས་མ།:བོད་ཇའི་སྐོར་ཅུང་ཟད་བཤད་པ།