ཁམས་ཕྱོགས་སུ་དར་ཁྱབ་ཆེ་བའི་ཆང་སྣོད—ཤིང་ཟོམ།

        2011-08-31

ཁམས་ཕྱོགས་ས་ཁུལ་ནི་ལྗོན་ཤིང་སྟུག་པོས་བསྐོར་བའི་ནགས་ཁུལ་ཡིན་པས་ས་གནས་དེ་གའི་ཆང་སྣོད་ཕལ་ཆེར་ཤིང་ལས་གྲུབ་པ་ཡིན་ཞིང་།ཤིང་ཆ་ལས་བཟོས་པའི་ཆང་ཟོམ་ནི་ཆེས་གནའ་ཉམས་དོད་ལ་ལྷུན་དུ་གྲུབ་ལྟ་བུར་སྣང་།དུས་རྒྱུན་ཆང་ཟོམ་གསར་པ་བཟོས་རྗེས་ཆུ་ལ་སྦངས་ཏེ་དུས་ཡུན་ངེས་ཅན་ཞིག་ལ་བཞག་ནས་ཆུའི་ནང་དུ་ཤིང་ཆ་འཕེལ་བའི་ལུགས་བརྟེན་ཏེ་ཤིང་ལེབ་བར་གྱི་སེར་ག་ཟུམ་བྱེད་སྲོལ་ཡོད་པ་རེད།མེས་པོ་ལས་མཆེད་པའི་ངག་རྒྱུན་དུ་བཤད་སྲོལ་འདུག་པ་ལྟར་ན།ཁམས་ཕྱོགས་སུ་ཤིང་ནགས་འབེལ་བའི་དབང་གིས་མི་རྣམས་ཀྱིས་ཆང་བསྙལ་བའི་སྐབས་སུ་ཤིང་ཟོམ་ཤ་སྟག་སྤྱོད་སྲོལ་ཡོད་པ་རེད།ད་དུང་ཁམས་ཕྱོགས་སུ་དར་ཁྱབ་ཆེ་བའི་ཆང་དྲོད་གཏོང་སྣོད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་།དེའི་བཟོ་དབྱིབས་ན་སྤྱིར་བཏང་གི་ཆང་སྣོད་དང་མཚུངས་ཏེ་ལུང་གུག་པ་དང་།ལྟོ་ལྡིར་བ།མཆུ་ཏོ་ཕྲ་ལ་རིང་བ་ཞིག་ཡིན་པ་རེད།དེ་དག་གི་ཁྱད་པ་འབའ་ཞིག་ནི་ཆང་སྣོད་ཀྱི་དབུས་སུ་སྙུང་རིལ་དབྱིབས་ཀྱི་སོལ་མདོང་ཞིག་ཡོད།ཆང་ལ་དྲོད་བཏང་རྗེས་ཆང་དྲོད་གཏོང་སྣོད་ནང་བླུགས་ཏེ་མི་བཏང་བའི་སོལ་བ་སོལ་མདོང་ནང་བཅུག་ནས་མཆོད་ཆང་བཞེས་སྐབས་ཀྱི་དྲོད་ཚད་མི་ཉམས་པ་བྱེད་ཀྱི་ཡོད་པ་རེད།ངག་རྒྱུན་དུ་བཟོ་དབྱིབས་དེ་ལྟ་བུའི་ཆང་དྲོད་གཏོང་སྣོད་དེ་ནུབ་རྒྱུད་ས་ཁུལ་ནས་དར་བའི་བཤད་སྲོལ་ཡོད་མོད།འོན་ཀྱང་འབྱུང་ཁུངས་དངོས་ཅི་འདྲ་ཡིན་པ་ཕྱིས་སུ་ཁུངས་འཚོལ་ར་སྤྲོད་བྱ་ཡུལ་དུ་གྱུར་ཡོད།
  • ལེ་ཚན་སྔོན་མ།:བོད་དུ་ཆེས་སྔ་མར་དར་བའི་ཆང་སྣོད་ལས་སྟངས།
  • ལེ་ཚན་རྗེས་མ།:ཨ་མདོ་དང་འབྲོག་ཁུལ་དུ་དར་ཁྱབ་ཆེ་བའི་ཆང་སྣོད་རིགས་གསུམ།