ཤིང་འཛུགས་སྐོར་གྱི་ལོ་རྒྱུས་འགའ།

དགྲ་འདུལ་གྱིས་བསྒྱུར།        2010-04-27

སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་ལྷག་གི་ཞི་ཀྲོའུ་དུས་སྐབས་སུ་རྒྱལ་ཁབ་ཀྱིས་‘ལི་ཧྲེང་དང་ཧྲན་ཡུས་ཟེར་བ་སོགས་ཀྱི་དཔོན་པོ་བསྐོ་བཞག་བྱས་ཡོད་པ་། དེ་ཚོས་འཇལ་པ་དང་ཤིང་འཛུགས། ཤིང་ནགས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལས་དོན་བདག་གཉེར་བྱེད་བཞིན་ཡོད་པ་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད། དེ་དུས་ཐ་ན་ཤིང་མི་འཛུགས་མཁན་ཤི་སོང་ན་རོ་སྒམ་ཡང་མི་སྤྲོད་པའི་གཏན་འབེབས་བྱས་ཡོད་པ་རེད།  པེ་ཝེ་ཞའོ་ཝུན་ཏིའི་སྐབས་སུ་སྔར་ལྷག་གིས་ས་བཅད་ནས་མི་སེར་ལ་ཤིང་འཛུགས་ནགས་བཟོ་བྱས་བཅུག་པས་མ་ཚད། ད་དུང་སྐྱེས་པ་ཚོར་ཞིང་མུའུ་ཉེར་ལྔ་སྤྲད་པ་དང་ཞོར་དུ་དར་ཤིང་ཕྲུག་ལྔ་བཅུ་དང་ཁ་སུར་ཕྲུག་ལྔ།ཤིང་འཛུགས་སྐོར་གྱི་ལོ་རྒྱུས་འགའ།


ཡོ་འབོག་ཤིང་ཕྲུག་གསུམ་བཅས་ལོ་གསུམ་ནང་ཚུན་འཛུགས་དགོས་པ་དང་། གལ་སྲིད་དེ་ལྟར་བྱས་མེད་ཚེ་ས་ཞིང་གཞུང་བཞེས་བྱེད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། ཡོན་རྒྱལ་རབས་སུ་སླེབས་དུས་ཀྱང་སྔར་ལྷག་གིས་《ཞིང་ལས་དང་དར་ཤིང་འཛུགས་རྒྱུའི་ལམ་ལུགས》ཅེས་པའི་ནང་། ‘ན་སོ་ལོན་པའི་སྐྱེས་པ་མི་རེས་དར་ཤིང་དང་ཁ་སུར་ཤིང་ཕྲུག་ཉི་ཤུ་འཛུགས་དགོས་པའི་’གཏན་འབེབས་བྱས་ཡོད་པ་རེད། 
    རང་རྒྱལ་གྱི་ལོ་རྒྱུས་ཐོག་བསམ་ཤེས་ཅན་གྱི་དཔོན་པོ་མི་ཉུང་བ་ཞིག་གིས་དམངས་ཡོངས་ཀྱི་ནུས་པ་ཐོན་མྱོང་བ་རེད། ཐང་རྒྱལ་རབས་སུ་ལིའུ་ཀྲོའུ་ལ་ལི་ཧྲིའི་གོ་གནས་ཁུར་མཁན་ལིའུ་ཚུང་ཡོན་གྱིས་ཡུན་རིང་པོར་ལག་ལེན་དངོས་ཀྱི་ཐོག་ནས‘ཚ་ལུ་མ་ཡི་འབྲས་ཉིས་བརྒྱ་བཙུགས་པས། དཔྱིད་དུས་ཞིན་ཀྲོའུ་ལྕགས་རི་ཡོངས་སུ་ལོ་མས་ཁེངས་པ’ཞིག་བཟོས་ཡོད་པ་རེད།  ཁོང་གིས་སྣེ་ཁྲིད་བྱས་འོག་གྲོང་ཁྱེར་ཉེ་འདབས་ཀྱི་སྲང་ལམ་མཐའ་དག་ལེགས་པོར་བཅོས་ཐོག་གྲགས་ཅན་སྐྱེ་ཤིང་འཛུགས་ཡོད་པས་དེ་ནི་གྲོང་ཁྱེར་སྔོ་བསྒྱུར་བྱེད་པར་སེམས་མཐུན་གྲོགས་པོ་ཡོད་ཞེས་པ་དངོས་གནས་རེད། དེ་མིན་གྱི་ཞིང་ལིན་ཁྲུན་ནོན་ཟེར་བ་སོགས་ནི་དམངས་ཁྲོད་ཀྱི་འོས་འགན་ཤིང་འཛུགས་སྐོར་གྱི་གཏམ་བཟང་རེད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས།