གཟི་རྩ་སྡེ་དགུ།

        2011-08-29

གཟི་རྩ་སྡེ་དགུ།

གཟི་རྩ་སྡེ་དགུ་དེ་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་ནན་ཕིང་རྫོང་གི་དབུས་རྒྱུད་དུ་གནས་པ།གཟི་རྩ་སྡེ་དགུ་རུ་བོད་རིགས་ཀྱི་གྲོང་ཚོ་དགུ་ཡོད་པའི་རྐྱེན་གྱིས་མིང་དེ་ཐོབ་པ་རེད།གཟི་རྩ་སྡེ་དགུ་མཛེས་ལྗོངས་ས་ཁུལ་གྱི་རྒྱ་ཁྱོན་དེ་སྤྱི་ལེ་གྲུ་བཞི་མ62ཡོད་པ་དང་ད་ལྟར་ལྗོངས་སྐོར་གྱི་རྒྱ་ཁྱོན་དེ་སྤྱི་ལེ་གྲུ་བཞི་མ50ཡོད་པ།གཟི་རྩ་སྡེ་དགུ་དེ་རང་བྱུང་སྲུང་སྐྱོང་གི་ས་ཁུལ་ཞིག་ཡིན་ལ།རྒྱལ་ཁབ་རིམ་པའི་མཛེས་ལྗོངས་སྐད་གྲགས་ཅན་གྱི་ས་ཁུལ་ཞིག་ཀྱང་ཡིན་པ་དང་ཆབས་ཅིག འཛམ་གླིང་ཐོག་མིའི་རིགས་ཀྱི་རང་བྱུང་ཤུལ་བཞག་གི་མིང་ཐོ་ནང་བཀོད་ཡོད།
གཟི་རྩ་སྡེ་དགུ་དེ་ལུང་པ་གསུམ་དང་མཚེའུ་བརྒྱ་དང་བཅོ་བརྒྱད་ཡོད་པ་སོགས་ཀྱི་ཆུའི་མཛེས་ལྗོངས་ཀྱིས་གཙོ་བོ་བྱས་པའི་མཛེས་ལྗོངས་ཤིག་ཡིན་པ་དང་།གཟི་རྩ་སྡེ་དགུ་ནང་གི་རི་རྩེ་བཅུ་གླིང་དང་མི་ཡུལ་གྱི་ལྷ་གནས་ཀྱི་སྐད་གྲགས་ཡོད་པ་རེད།མཛེས་ལྗོངས་དེའི་ནང་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་།རིགས་སྣ་ཚོགས་དང་གདོད་མའི་ནགས་ཚལ་ཀུན་དུ་ཁྱབ་པ།བྱི་ལ་དོམ་སོགས་དཀོན་པོ་རྩ་ཆེན་གྱི་རི་སྐྱེས་སྲོག་ཆགས་ཡུལ་དེའི་གནས་ཡོད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:རི་བོ་སྐུ་བླ།
  • ལེ་ཚན་རྗེས་མ།:བོད་ཡུལ་གྱི་ཆུའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་།
  • དོ་སྣང་ཆེ་བའི་རྩོམ།