རི་བོ་སྐུ་བླ།

(རྔ་བ་ཚགས་པར་ནས་བསྡུས།)        2011-08-29

རི་བོ་སྐུ་བླ།

མཛེས་ལྗོངས་མིང་གྲགས་ཅན་གྱི་ཁུལ་ཏེ་རི་བོ་སྐུ་བླ་ནི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་ཀྱི་ས་མཚམས་སུ་གནས་ཤིང་།རྔ་བ་ཁུལ་བཙན་ལྷ་རྫོང་གི་ཁོངས་སུ་གཏོགས་པ།ཁྲེང་ཏུའུ་ནས་སྤྱི་ལེ200ཡོད་ལ།མཛེས་ཁུལ་དེ་རི་བོ་སྐུ་བླ་དང་ཧྲོང་ཆའོ་ཀོའུ།ཁྲང་ཕིང་ཀོའུ།ཧའེ་ཚེ་ཀོའུ་བཅས་ཀྱིས་གྲུབ།གནས་དེ་ཡི་རི་བོ་མུ་འབྲེལ་ཞིང་ཚང་ཚིང་ནགས་ཚལ་གྱིས་བརྒྱན་པ།རི་རྩེ་དགུང་ལ་སྙེགས་ཤིང་གངས་ཀྱིས་སྤུད་པ།རྩི་ཤིང་སྣ་ཚོགས་དང་སྲོག་ཆགས་ཀྱི་རིགས་མང་བ།འདྲ་མིན་མེ་ཏོག་གི་འདབ་ལོ་ལྷུག་ལྷུག་གྲོལ་བ།དྭངས་གསལ་གྱི་ཆུ་བོ་ལྷང་ལྷང་བཞུར་བ་སོགས་ཀྱི་ལོ་གཅིག་དུས་བཞིར་མཛེས་ལྗོངས་མངའ།ཉིན་རེར་དུས་བཞིའི་མཛེས་ལྗོངས་མཐོང་།ཞེས་པའི་མཛེས་ལྗོངས་ཀྱི་རྣམ་པ་རུ་གྲུབ་པས།རྒྱལ་ཁབ་ཕྱི་ནང་ནས་འོང་བའི་ལྗོངས་སྐོར་བ་རྣམས་ཀྱིས་ཤར་ཕྱོགས་ཀྱི་ལྷ་རི།གངས་རི་བཤམས་སྟོན་ཁང་།རྩི་ཤིང་གི་བང་མཛོད།རི་སྐྱེད་མེ་ཏོག་གི་གླིང་ཀ།སྲོག་ཆགས་ཀྱི་སྐྱེ་དངོས་གླིང་ཞེས་མཚན་སྙན་གྱི་བ་དན་འཛམ་གླིང་གི་ག་ས་གང་དུ་ལྷུབ་ལྷུབ་སྐྱོད་བཞིན་ཡོད།
(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:ཁོར་ཡུག་གནད་དོན་སྐོར་གྱི་ཤེས་བྱ།
  • ལེ་ཚན་རྗེས་མ།:གཟི་རྩ་སྡེ་དགུ།
  • དོ་སྣང་ཆེ་བའི་རྩོམ།