སྨན་འཐུང་མ་ཐག་ཏུ་གཉིད་མི་རུང་།

རིག་འཛིན་རྡོ་རྗེ།        2011-08-10

མི་མང་པོ་ཞིག་ལ་དགོང་མོ་གཉིད་ཁར་སྨན་འཐུང་བའི་གོམས་སྲོལ་ཡོད་པ་དང་། སྨན་འཐུང་རྗེས་མྱུར་དུ་ངལ་གསོས་ན། སྨན་རྫས་བསྡུ་ལེན་བྱེད་པར་ཕན་པ་ཆེ་བར་འདོད་ཀྱིན་ཡོད། དོན་དངོས་སུ་སྨན་འཐུང་མ་ཐག་གཉིད་པ་དང་། ལྷག་པར་དུ་བཏུང་ཆུ་འཐུང་ཚད་ཉུང་བའི་སྐབས་སུ་སྨན་རྫས་མིད་པའི་སྟེང་འབྱར་ནས་ཕོ་བའི་ནང་བསྡུ་ལེན་བྱེད་མི་ཐུབ་། སྨན་རྫས་ཁ་ཤས་ཤིག་ལ་རུལ་སླད་རང་བཞིན་ཅུང་དྲགས་པ་དང་། མིད་པའི་ནང་ཞུ་རྗེས་མིད་པའི་འབྱར་སྐྱི་རུལ་བསླད་དུ་འགྲོ་བས་མིད་པར་གནོད་པ་ཧ་ཅང་ཆེ། ནད་བབ་ཅུང་ཡང་བའི་མིས་ཟ་མ་མིད་སྐབས་ན་ཟུག་སྐྱེས་པ་དང་། ནད་བབ་ཅུང་ཚབས་ཆེ་ན་ཁྲག་རྩར་གནོད་པ་ཐེབས་ནས་ཁྲག་བཞུར་ཡོང་ངེས། ནད་པ་མང་པོ་ཞིག་ལ་སྨན་རྫས་རང་བཞིན་གྱི་མིད་པའི་རུལ་འགྱུར་ནད་བྱུང་བ་དེ་ནི་གཉིད་ལོག་པའི་སྔོན་ལ་སྤྱིན་ཐུམ་རིགས་ཀྱི་སྨན་རྫས་འཐུང་བའི་རྐྱེན་རེད། 
ཡང་དག་པའི་སྨན་འཐུང་ཐབས་ནི། སྨན་འཐུང་དུས་ཡར་ཙོག་ནས་འཐུང་བ་དང་ཡང་ན་ཡར་ལངས་ནས་འཐུང་དགོས། སྨན་འཐུང་རྗེས་མྱུར་དུ་གན་རྐྱལ་དུ་ཉལ་མི་རུང་། ཡུད་ཙམ་འགོར་རྗེས། སྨན་རྫས་ཀྱི་ནུས་པ་དེ་མྱུར་དུ་མིད་པར་བརྒྱུད་པ་དང་། མིད་པའི་ནང་སྨན་འཕྲོ་ལུས་ཡོད་ཚེ། སྨན་རྫས་ཀྱི་ཕན་ནུས་ཕྱིར་འགྱངས་བྱེད་པར་མ་ཟད་མིད་པའི་འབྱར་སྐྱི་ལ་གནོད་པ་བཟོ་ངེས། སྨན་འཐུང་སྐབས་ཆུ་མང་པོ་འཐུང་དགོས་པ་དང་། རབ་ཡིན་ན་སྐར་མ་ལྔ་དྲུག་ཙམ་ལ་འགུལ་སྐྱོད་བྱས་རྗེས་ད་གཟོད་གཉིད་ན་བཟང་།
  • ལེ་ཚན་སྔོན་མ།:སྔོ་གཟན་ལས་སྣོན་དང་གསོག་ཉར་གྱི་ལག་རྩལ།
  • ལེ་ཚན་རྗེས་མ།:ན་ཆུང་བྱིས་པའི་བདེ་ཐང་དང་མི་འཚམ་པ་འགའ
  • དོ་སྣང་ཆེ་བའི་རྩོམ།