ཁྱིམ་ཚང་སློབ་གསོའི་བྱེད་ནུས་སྐོར་ཕྲན་ཙམ་གླེང་བ།

གཅན་རོང་བསྟན་འཛིན།        2011-07-25

ཁྱིམ་ཚང་གི་སློབ་གསོ་ནི་སྤྱི་ཚོགས་སློབ་གསོ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ།སློབ་ཆེན་སློབ་གསོ་གང་གིས་ཀྱང་ཚབ་བྱེད་ཐབས་མེད་པའི་སློབ་གསོ་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ།ཐུང་མོང་མ་ཡིན་པའི་སློབ་གསོ་དེས།བྱིས་པའི་འཚོ་གནས་དང་མདུན་ལམ་ལ་ཕན་ནུས་ཐུན་མོང་མ་ཡིན་པ་ཞིག་འདོན་བཞིན་ཡོད་མོད་གཞི་རིམ་ཞིང་འབྲོག་ས་ཁུལ་དུ་ད་དུང་སྣང་མེད་དུ་ལུས་ཡོད་པས།འདིའི་སྐོར་ཕྲན་ཙམ་གླེང་བ་ལ།
 གཅིག ཁྱིམ་ཚང་སློབ་གསོའི་ཤན་ཤུགས།
རང་གི་བྱིས་པའི་ལུས་སེམས་བདེ་ཐང་ཡིན་མིན་དང་ཡ་རབས་དང་མ་རབས་གང་ཞིག་ཏུ་འགྱུར་རྒྱུ་ནི་ཁྱིམ་གྱི་སློབ་གསོ་ལ་རག་ལས་ཡོད་པས།ཁྱིམ་གྱི་སློབ་གསོ་བཟང་པོ་ཞིག་བསྒྲུབ་རྒྱུ་ནི་བྱིས་པ་འཇོན་ཐང་ཅན་ཞིག་བྱེད་པའི་ཐབས་ཇུས་ནུས་ལྡན་ཉག་གཅིག་ཡིན་པས།ཁྱིམ་ཚང་སློབ་གསོས་བྱིས་པའི་མི་ཚེ་ལ་ཁ་ཕྱོགས་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ཤན་ཤུགས་ཐེབས་བཞིན་པ་རེད།དཔེར་ན།སློབ་གྲོགས་བཀྲ་ཤིས་ལ་ཆུང་དུས་ཀུན་སྤྱོད་ལེགས་པོ་ཞིག་དང་བསམ་བློ་བདེ་ཐང་ཞིག་སྐྱེད་སྲིང་བྱས་མེད་ཚེ།མི་ཞིག་གི་ཀུན་སྤྱོད་དང་བསམ་བློ་བདེ་ཐང་ནི་མི་ནར་སོན་པའི་གོ་རིམ་གྱི་ཁྲོད་ནས་རིམ་གྱིས་ཆགས་པ་ཡིན་པས།ཁོ་ལ་ཆགས་ཟིན་པའི་ཀུན་སྤྱོད་ངན་པའི་རྨང་གཞི་དང་།བསམ་བློ་ངན་པའི་རྨང་གཞི་དེས་ཁོའི་མི་ཚེ་ཧྲིལ་པོར་ཤན་ཤུགས་ཐེབས་པ་དང་།ཐ་ན་ཁོའི་ཁྱིམ་རྒྱུད་དང་མི་རྒྱུད་ཕྱི་མ་ཡང་ཤན་ཤུགས་ཐེབས་ངེས་རེད།
དེ་ཅི་ཞིག་ཡིན་ཟེར།བློ་མཐུན་ལའེ་ཧྥུན་དང་རྒྱས་བཟང་བསོད་ནམས་དར་རྒྱས་ལྟ་བུ་ལ་མཚོན་ན།དེ་དག་གི་རྣམ་པར་དཀར་བའི་ཀུན་སྤྱོད་དང་།དཔའ་ཞིང་འགྱུར་བ་མེད་པའི་མི་གཤིས་དེ་སེམས་འགུལ་ཐེབས་པ་ཞིག་ཡིན་པ་དང་།དེ་ནི་ཁོ་གཉིས་ཀྱི་གཟི་བརྗིད་ཅིག་ཡིན་པར་མ་ཟད།ཁོ་གཉིས་ཀྱི་ཁྱིམ་རྒྱུད་ཕྱི་མ་ལ་ཡང་ཤན་ཤུགས་ངེས་ཅན་ཞིག་ཡོད་ངེས་མེད།དེ་ལྟ་བུའི་སྤྱོད་ལ་དེ་ཁོ་གཉིས་ཀྱི་ཁྱིམ་གྱི་སློབ་གསོ་ལ་འབྲེལ་བ་དམ་པོ་ཞིག་ཡོད་པ་ཐག་གིས་ཆོད་ཀྱང་ལའེ་ཧྥུན་དང་རྒྱས་བཟང་བསོད་ནམས་དར་རྒྱས་གཉིས་ཀྱི་ཁྱིམ་རྒྱུད་དང་གདོང་གཏུག་བྱས་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གསོད་མཁན་གྱི་ཁྲིམས་འགལ་བ་དེ་དག་གི་ཁྱིམ་ཚང་གཉིས་སྤྱི་ཚོགས་སྟེང་གི་ཤན་ཤུགས་གཏན་ནས་མི་འདྲ་སྟེ།དཔེར་ན།ལའེ་ཧྥུན་གྱི་ཕ་ཡུལ་ཧུའུ་ནན་ན།ལའེ་ཧྥུན་ཟ་ཁང་ཟེར་བ་ཞིག་ཡོད།ངེད་ཅག་གིས་དེ་ལས་ཟ་མ་ཟོས་མྱོང་ལ།ཟ་ཁང་དོ་དམ་པར་དྲིས་ན་ཟ་མ་ཟ་མཁན་ཤིན་ཏུ་མང་ཟེར་བ་རེད།རྒྱུ་མཚན་ནི།ལའེ་ཧྥུན་གྱི་ཡ་རབས་སྤྱོད་ལེགས་ལ་སྤྱི་ཚོགས་སྟེང་ན་ཤན་ཤུགས་ངེས་ཅན་ཞིག་ཡོད་པ་དང་།ཤན་ཤུགས་དེ་ལའེ་ཧྥུན་ཟ་ཁང་གི་སྟེང་དུ་སྨིན་བཞིན་ཡོད་པ་ཤེས་ཐུབ།དེ་ནི་ཁྱིམ་གྱི་ཀུན་སྤྱོད་སློབ་གསོའི་ཕན་ནུས་རེད།སློབ་གསོ་ལ་མཚོན་ན།མི་ཡོད་ཚད་ལའེ་ཧྥུན་དང་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་མི་གཤིས་དེ་ལྟ་བུ་ཞིག་ཆགས་རྒྱུར་གཙིགས་ཆེན་བྱེད་པ་ལས།མི་ཡོད་ཚད་ཀྱིས་ཅི་ནས་ཀྱང་རང་སྲོག་བློས་གཏོང་དགོས་པའི་སློབ་གསོ་གཏོང་བ་དང་མི་གཤིས་བཟང་ངན་ནི་མཐར་གཏུགས་ན་རང་སྲོག་བློས་གཏོང་མིན་ལ་ཐུག་པ་ལྟ་བུ་ཞིག་གཏན་ནས་མ་ཡིན་པར་མ་ཟད་ད་དུང་ཇི་ལྟར་རང་ཉིད་སྲུང་སྐྱོབ་བྱེད་པའི་སློབ་གསོ་ལ་ཡང་གཙིགས་ཆེན་བྱེད་དགོས་པ་རེད་སྙམ།
 གཉིས།ཁྱིམ་གྱི་སློབ་གསོ་དེ་གང་ནས་མགོ་བརྩམ་དགོས།
ཁྱིམ་གྱི་སློབ་གསོར་ངོས་འཛིན་འདྲ་མིན་གྱི་དབང་གིས་སློབ་གསོ་མགོ་རྩོམ་ཚུལ་དང་།མགོ་རྩོམ་པའི་དུས་ཚོད་སོགས་གཏན་ནས་མི་འདྲ་བ་རེད།གཞི་རིམ་བོད་རིགས་ས་ཁུལ་གྱིས་ཕལ་ཆེར་བྱིས་པ་སློབ་གྲྭར་བསྐྱལ་བའི་ཉིན་སྔོན་མ་སྟེ།བྱིས་པ་རང་ལོ6—8སྟེང་ནས་ཁྱིམ་གྱི་སློབ་གསོ་མགོ་རྩོམ་བཞིན་ཡོད།རྒྱུ་མཚན་ནི།བྱིས་པ་སློབ་གྲྭར་བསྐྱལ་བའི་སྔ་ཉིན་ནས་ཕ་མ་རྣམས་ཀྱིས་རང་རང་གི་བྱིས་པར་སློབ་གྲྭར་སོང་ནས་སློབ་སྦྱོང་ལ་འབད་པ་བྱེད་དགོས་པ་སོགས་ཀྱི་སློབ་གསོ་མགོ་རྩོམ་བཞིན་ཡོད་མོད།བསམ་ཡུལ་ལས་འདས་པ་ཞིག་ནི་འཛམ་གླིང་གི་སྔོན་ཐོན་ས་ཁུལ་གྱི་ཁྱིམ་ཚང་སློབ་གསོ་ནི་ན་གཞོན་རྣམས་ཀྱིས་བཟའ་ཟླ་འཚོལ་སྐབས་ནས་མགོ་རྩོམ་བཞིན་ཡོད་དེ།དེ་དག་གིས་རང་གི་བཟའ་ཟླ་ནི་རང་གི་ཚེ་གང་གི་བཟའ་ཟླ་ཡིན་པ་མ་ཟད།དེ་ལས་ཀྱང་ཆེས་གལ་ཆེ་བ་ནི་འབྱུང་འགྱུར་རང་གི་ཕྱིས་པའི་ཕ་མ་ཡིན་པས།ལུས་སེམས་བདེ་ཐང་དང་བློ་རིག་གསལ་པོ།གཤིས་རྒྱུད་དཀར་ལ་བརྩེ་དུང་ཡོད་པ།བྱིས་པ་གཉོར་མཁས་པའི་ཕ་མ་ཚད་ལྡན་བཅས་ཡིན་མིན་ནི་བཟའ་ཟླའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པས།དོན་དམ་པར་ཁོའི་ཁྱིམ་གྱི་སློབ་གསོ་དེ་བཟའ་ཟླ་འཚོལ་བ་ནས་མགོ་བརྩམས་ཡོད་པ་རེད། དུས་ཚོད་ཀྱི་ཆ་ནས་བལྟས་ན།རང་ཅག་གི་བྱིས་པས་སློབ་གྲྭའི་སློབ་གསོ་མྱང་བའི་ནུས་པ་ཡོད་པ་ནས་ཁྱིམ་གྱི་སློབ་གསོ་མགོ་རྩོམ་བཞིན་ཡོད་ལ།ཕྱི་གླིང་བས་བྱིས་པའི་ཕ་མ་འཚོལ་བ་ནས་མགོ་བརྩམས་ཡོད་པས་ཇི་འདྲའི་བར་ཁྱད་ཆེན་པོ་ཞིག་ཤོར་ཡོད་དམ།ད་དུང་ཁོ་ཚོས་བྱིས་པ་མ་སྐྱེས་གོང་ནས་ཕ་མ་གཉིས་ཀྱི་སྤྱོད་ལམ་ཚད་ལྡན་དང་ལུས་ཕུང་སྦྱོང་བརྡལ།སེམས་ཁམས་སྙོམ་སྒྲིག འཚོ་བ་འོས་འཚམ་བཅས་བྱས་ཏེ་བྱིས་པའི་ལུས་སེམས་བདེ་ཐང་ལ་སྔོན་འགྲོའི་ཆ་རྐྱེན་བཟང་བོ་ཞིག་སྐྲུན་བཞིན་ཡོད་མོད།གཞི་རིམ་མི་རིགས་ས་ཁུལ་དུ་འདིའི་སྐབས་སུ་ཕལ་ཆེར་བྱིས་པའི་ལུས་སེམས་བདེ་ཐང་གི་གནད་དོན་རྨི་ལམ་ཙམ་དུ་ཡང་རྨིས་མྱོང་ངམ་མ་མྱོང་།བུད་མེད་ལ་མངལ་ཆགས་པ་ནས་ཁོ་ཚོས་ཕ་མ་གཉིས་ཀྱི་འཚོ་བའི་སྤྱོད་ལམ་ལ་གཟབ་གཟབ་བྱས་ཏེ།ཐ་ན་མངལ་བུའི་ཨ་མས་ཟ་མ་སྐྱ་ཟས་སྐྱ་ཆུ་དང་ཆུ་གཙང་ཟས་གཙང་བསྟེན་པ་ལས་ཚོར་བ་རྩུབ་བའི་ཟ་མ་མི་ཟ་བ་དང་།ལུས་པོ་སྦྱོང་བརྡར་དང་གཙང་སྦྲ།སྤྲོ་སྐྱིད།ངང་བརྟན།ཡིད་ཚིམ་སོགས་བྱིས་པའི་ལུས་སེམས་བདེ་ཐང་དང་མི་རྒྱུད་ལེགས་བསྒྱུར་གཞུང་ལུགས་ཀྱི་རེ་བ་ལྟར་མངལ་བུ་ལ་ཚད་མཐོན་པོའི་འགན་ཁུར་བཞིན་ཡོད་པས།དེ་དག་ན་ངོ་མ་རླབས་ཆེན་གྱི་ཨ་མ་ཡིན་མོད།རང་ཅག་མི་རིགས་ས་ཁུལ་ན་མངལ་བུའི་སློབ་གསོ་སྒྲུབ་པའི་རླབས་ཆེན་གྱི་ཕ་མ་ཆེས་ཤིན་ཏུ་ཉུང་བས།བྱིས་པའི་ལུས་སེམས་བདེ་ཐང་ལ་གྱོང་གུད་ཐེབས་ཚད་ཧ་ཅང་མཐོ་བ་རེད། སྔོན་ཐོན་ས་ཁུལ་གྱིས་བྱིས་པ་ལ་སློབ་གསོ་ཐོབ་པ་ཅི་ཙམ་སྔ་ན་དེ་ཙམ་བཟང་བའི་གཞུང་ལུགས་ཀྱི་མཛུབ་སྟོན་ལྟར།བྱིས་པས་མཛུབ་མོ་འཛིན་ཐུབ་མིན་ནས་ཁྱིམ་གྱི་སྐད་ཡིག་སློབ་གསོའི་མགོ་བརྩམས་པ་རེད་ཅེས་བཤད་ཆོག་མོད།ཁ་ནང་དུ་ཕྱོགས་ནས་རང་ཅག་གཞི་རིམ་ཞིང་འབྲོག་ས་ཁུལ་གྱི་ཁྱིམ་གྱི་སློབ་གསོ་ཇི་འདྲ་ཞིག་ཡིན་པ་ལ་བསམ་གཞིགས་རེ་བཏང་ན་ངོ་མ་བློ་འགྱོད་སྐྱེ་བ་ཞིག་རེད། མདོར་བསྡུས་ན།བྱིས་པ་དངོས་པོ་གང་ཞིག་ལ་དུས་ནམ་ཞིག་ནས་དགའ་སྣང་རྒྱལ་དུས་སུ་བྱིས་པའི་དངོས་པོ་དེའི་སློབ་གསོའི་དུས་ཚོད་ཕུན་སུམ་ཚོགས་པ་ཐོན་པ་དང་།མ་བུའི་སློབ་གསོ་དེ་མ་བུ་བར་གྱི་འཛུམ་མདངས་ཀྱི་བརྗེ་རེས་ཤིག་ཡིན་པས།རིན་ཐང་ལྡན་པའི་བརྗེ་རེས་དེས་མི་ཚེའི་འཇོན་ནུས་ཀྱི་སྒྲོན་མེ་དང་པོ་སྦར་ནུས་ལ།མི་ཚེའི་མདུན་ལམ་གྱི་མྱུ་གུ་དང་པོ་འཇོམས་ནུས་ནའང་།ཨ་མའི་མིག་ལམ་དུ་རང་གི་བྱིས་པ་ནི་ལྷ་བུ་ཞིག་དང་།བྱིས་པའི་མིག་ལམ་དུ་རང་གིས་མ་ནི་འཇིག་རྟེན་སྟེང་གི་མཛེས་སྡུག་གི་སྙིང་བོ་དང་།བརྩེ་དུང་གི་སྙིང་པོ་འབའ་ཞིག་ཡིན་ངེས་པས།འཛུམ་མདངས་གང་གིས་ཀྱང་ཨ་མའི་འཛུམ་མདངས་ཀྱི་ཚབ་བྱེད་ཐབས་མེད་ལ།སློབ་གསོ་གང་གིས་ཀྱང་ཁྱིམ་གྱི་སློབ་གསོའི་ཚབ་བྱེད་ཐབས་མེད་ན་ཡང་།སུས་ཀྱང་ཚབ་བྱེད་ཐབས་མེད་པའི་མ་བུ་བར་གྱི་འཛུམ་མདངས་དང་།ནམ་ཡང་མཐའ་མེད་པའི་འཛུམ་མདངས་དེ་སྤྲོ་མཁན་མང་ན་ཡང་།འཛུམ་མདངས་དེ་སྤྲོ་ཤེས་མཁན་ཤིན་ཏུ་ཉུང་བ་རེད།ཨ་མའི་འཛུམ་མདངས་ཀྱིས་བྱིས་པའི་འཛུམ་མདངས་ཀྱི་མེ་ཏོག་ལྷུག་པར་དགོད་ནུས་ཡང་།འཛུལ་མདངས་སྤྲོ་བའི་དུས་ཚོད་ཀྱི་ཆ་ནས་བཤད་ན།སུས་ཁྱིམ་གྱི་སློབ་གསོའི་དུས་ཚོད་དེ་དམ་འཛིན་བྱས་པ་སྔ་ན་བྱིས་པ་དེ་དང་ཁྱིམ་ཚང་དེ་ལ་སློབ་གསོའི་འབྲས་བུ་ཕུན་སུམ་ཚོགས་པ་སྨིན་ངེས་ཡིན་པས།ཕ་མ་དང་ཁྱིམ་ཚང་སོ་སོས་འདི་དག་ལ་བསམ་གཞིགས་དང་གཙིགས་ཆེན་བྱས་ཏེ་བྱིས་པ་མྱུར་སྐྱོབ་བྱེད་དགོས་པ་ལས།སློབ་གསོའི་དུས་ཚིགས་དང་བྱིས་པའི་སེམས་ཁམས་ཀྱི་ཆོས་ཉིད་འདི་དག་སྣང་མེད་དུ་བཞག་ནས་བྱིས་པ་སློབ་གྲྭར་བསྐྱལ་རྗེས་ད་གཟོད་རང་གི་བྱིས་པ་ལ་“རིག་ལྡིབ”དང་།“འདྲ་མེད”“ལྟས་ངན”……
  • ལེ་ཚན་སྔོན་མ།:སྐད་ཆ་ནི་སློབ་གསོའི་ཐོག་མའི་རྨང་རྡོ་རེད།
  • ལེ་ཚན་རྗེས་མ།:གོམས་གཤིས་བཟང་བོ་ལོབས་སུ་འཇུག་པ་ནི་སློབ་གསོའི་ལས་འགན་དང་པོ་རེད
  • དོ་སྣང་ཆེ་བའི་རྩོམ།