ལྷན་སྐྱེས་ཀྱི་འཇོན་ཐང་དང་ཕྱིས་བྱུང་གི་སློབ་གསོ།

གཅན་རོང་བསྟན་འཛིན།        2011-07-22

སྤྱིར་འཇིག་རྟེན་སྟེང་གི་མི་སུ་དང་གང་ཞིག་ཡིན་ཀྱང་མི་དེའི་སྟེང་ན་ལྷན་སྐྱེས་འཇོན་ཐང་གི་གཏེར་ཁ་ངེས་ཅན་ཞིག་ཡོད་པས་ཁྱབ་ན་ཡང་།ལྷན་སྐྱེས་འཇོན་ཐང་གི་གཏེར་ཁ་ཡོད་པའི་མི་ཡོད་ཚད་འཇོན་ཐང་མི་སྣར་འགྱུར་ཐུབ་མིན་སྣ་ཚོགས་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ནི་གཙོ་བོ་མི་རེ་རེའི་ཕྱིས་བྱུང་འཇོན་ནུས་གཏེར་ཁའི་སྔོག་འདོན་གྱི་སློབ་གསོ་ལ་རག་ལས་ཡོད་པས།འདིའི་སྒོར་ཕྲན་ཙམ་གླེང་བ་ལ།

 ལྷན་སྐྱེས་ཀྱི་འཇོན་ཐང་དང་ཕྱིས་བྱུང་གི་སློབ་གསོ།


གཅིག ལྷན་སྐྱེས་འཇོན་ཐང་གི་གཏེར་ཁ།
ལྷན་སྐྱེས་འཇོན་ཐང་གི་ཆ་ནས་བཤད་ན།སྨྲ་ཤེས་ཤིང་དོན་གོ་བའི་མི་རེ་རེའི་སྟེང་ན་ལྷན་སྐྱེས་འཇོན་ཐང་གི་གཏེར་ཁ་མི་འདྲ་བ་ཡོད་པས་ཁྱབ་ཅིང་།མི་དེ་དག་གི་སྟེང་ན་ལྷན་སྐྱེས་ཀྱི་གཏེར་ཁ་ཡོད་པའི་ཚད་མི་འདྲ་ལ་མེ་ཏོག་སྣ་བརྒྱ་བཞད་པ་ལྟར་མི་རེ་རེའི་སྟེང་གི་ལྷན་སྐྱེས་ཀྱི་གཏེར་ཁའི་རིགས་ཀྱང་གཏན་ནས་འདྲ་མི་སྲིད་པས།ཕྱིས་བྱུང་གི་སློབ་གསོ་དེ་བྱིས་པ་སོ་སོའི་ལྷན་སྐྱེས་འཇོན་ཐང་གི་ཁྱད་ཆོས་དང་འཚམ་མིན་གྱི་དབང་གིས་འཇིག་རྟེན་སྟེང་གི་བྱིས་པ་དེ་དག་ལ་འཚོ་གནས་མདུན་ལམ་མི་འདྲ་བ་རྣམ་པ་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་རེད།སློབ་སྦྱོང་གི་འབྲས་བུའམ་མི་ཚེའི་མདུན་ལམ་མི་འདྲ་བ་དེ་དག་ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན།ཕྱིས་བྱུང་གི་སློབ་གསོ་དེ་སློབ་གྲོགས་རེ་རེའི་ཁྱད་ཆོས་དང་འཚམ་མིན་གྱི་མཇུག་འབྲས་ཁོ་ནས་ཐག་གཅོད་བཞིན་ཡོད།དཔེར་ན།དགེ་རྒན་རྡོ་རྗེ་ཚེ་རིང་གི་སློབ་ཁྲིད་བྱེད་ཐབས་དེ་སློབ་གྲོགས་སྐོར་ཞིག་གི་བློ་དང་འཚམ་ལ།སློབ་གྲོགས་སྐོར་ཞིག་གི་བློ་དང་ཕལ་ཆེར་འཚམ་ནའང་།སློབ་གྲོགས་སྐོར་ཞིག་གི་བློ་དང་མི་འཚམ་པས།སློབ་གྲོགས་སྐོར་ཞིག་ལ་མི་ཚེའི་མདུན་ལམ་ཕུན་སུམ་ཚོགས་པ་ཞིག་འབྱུང་བཞིན་ཡོད་ནའང་ད་དུང་སློབ་གྲོགས་སྐོར་ཞིག་འཚོ་གནས་ཀྱི་མདུན་ལམ་དཀྱུས་མ་ཙམ་དང་སློབ་གྲོགས་སྐོར་ཞིག་གི་འཚོ་གནས་ལ་དཀའ་ཁག་འབྱུང་བཞིན་ཡོད་པ་རེད།དེ་དང་མཚུངས་པར་ད་ལྟའི་སློབ་གསོའི་བསམ་བློ་དང་།སློབ་ཁྲིད་བྱེད་ཐབས།སློབ་དེབ་དང་བཅས་པ་སློབ་གྲོགས་བརྒྱ་ཆའི་བརྒྱ་ཡི་བློ་དང་ཡོངས་སུ་འཚམ་པའམ་སློབ་གྲོགས་ཚོའི་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་དང་།ནུས་པ་སྐྱེད་སྲིང་གི་འཚོ་བཅུད་ལྟ་བུ་ཞིག ཀུན་སྤྱོད་ལེགས་བཅོས་ཀྱི་བདུད་རྩི་ལྟ་བུ་ཞིག་ཏུ་འགྱུར་ཐུབ་མིན་ལས་སློབ་སྦྱོང་དང་རྩལ་ནུས།ཀུན་སྤྱོད།སེམས་ཁམས།ཡིད་ཆེས།བརྩོན་ཤུགས།མདུན་ལམ་སོགས་ཀྱི་མཇུག་འབྲས་འདྲ་མིན་སྣ་ཚོགས་པ་ཞིག་འབྱུང་བཞིན་ཡོད་ནའང་དགེ་རྒན་དང་ཁྱིམ་བདག་མང་པོ་ཞིག་གིས་དེ་ལས་ལྡོག་སྟེ།སློབ་སྦྱོང་སོགས་ཀྱི་མཇུག་འབྲས་མི་ལེགས་པའི་སློབ་མ་དེ་དག་ལྷན་སྐྱེས་ཀྱི་བློ་རིག་རྟུལ་བོའམ་མི་ནུས་མེད་དུ་བརྩི་བཞིན་ཡོད་པ་ནི་ནར་མ་སོན་པའི་བྱིས་པ(未成年人)ཡི་ལུས་སེམས་འཕེལ་རྒྱས་ལ་གནོད་པ་ཆེ་བའི་གླེང་འདེབས་ཆེན་པོ་ཞིག་ཡིན་པས།ཚང་མས་མཉམ་འཇོག་དང་ཞིབ་འཇུག་བྱེད་དགོས་པའི་བྱ་བ་གལ་ཆེན་ཞིག་རེད།དཔེར་ན།ཨེན་སི་ཏེན་སློབ་ཆུང་འགྲིམ་སྐབས་ཁོའི་རྩིས་རིག་ལས་གཞན་པའི་བསླབ་ཁག་སོ་སོའི་བསླབ་འབྲས་མི་ལེགས་པས།བསླབ་ཁག་གཞན་དག་གི་དགེ་རྒན་ཚོས་ཁོ་ལ“བླུན་རྨོངས”ཞེས་ཡང་ཡང་དམའ་འབེབས་བྱས་མྱོང་ནའང་དོན་གྱིས་ཁོའི་རྩིས་རིག་དགེ་རྒན་གཅིག་པུ་ལས་བསླབ་ཁག་གཞན་དག་གི་དགེ་རྒན་ཚོའི་སློབ་ཁྲིད་བྱེད་ཐབས་དེ་ཨེན་སི་ཏེན་དང་གཏན་ནས་མ་འཚམ་པ་ཙམ་ལས།འཛམ་གླིང་གསར་བཏོད་པའི་རྒྱལ་བོ་ཨེན་སི་ཏེན་སློབ་ཆུང་འགྲིམ་སྐབས་བླུན་རྨོངས་ཞིག་ཡིན་ག་ལ་སྲིད།མཐར་གཏུགས་ནས་བཤད་ན།འཛམ་གླིང་གསར་བཏོད་པའི་རྒྱལ་བོ་ཆུང་དུས་སུ་བླུན་རྨོངས་པར་ཐག་གཅོད་མཁན་གྱི་དགེ་རྒན་དེ་དག་ནི་དངོས་གནས་སློབ་མའི་ཁྱད་ཆོས་རྒྱུས་ལོན་བྱེད་མི་མཁས་པའི་དགེ་རྟུལ་ཤ་སྟག་ཅིག་རེད།ངས་འདིར་བཤད་པ་ནི་ཨེན་སི་ཏེན་གྱི་སློབ་ཆུང་དགེ་རྒན་ལ་སྐྱོན་བརྗོད་བྱེད་པ་མ་ཡིན་མོད།ང་ཚོའི་སློབ་གསོ་ལག་ལེན་གྱི་སྟེང་ན་ཨེན་སི་ཏེན་གྱི་དགེ་རྒན་ལྟ་བུ་གང་མང་ཞིག་གིས་ཁ་སང་གི་ཨེན་སི་ཏེན་ལྟ་བུའི་སློབ་གྲོགས་མང་པོ་ཞིག“བླུན་རྨོངས་པར”གཏན་འཁེལ་བྱས་ཚར་ལ།དེ་རིང་ཡང་ཨེན་སི་ཏེན་ལྟ་བུའི་སློབ་གྲོགས་མང་ཆེ་བ་ཞིག་“བླུན་རྨོངས་པར”
  • ལེ་ཚན་སྔོན་མ།:སློབ་གསོ་ཐབས་ལམ་རྣམ་བཤད།
  • ལེ་ཚན་རྗེས་མ།:སྐད་ཆ་ནི་སློབ་གསོའི་ཐོག་མའི་རྨང་རྡོ་རེད།
  • དོ་སྣང་ཆེ་བའི་རྩོམ།