ཡུལ་དུས་བར་སྟོང་རབ་བརྒལ་བའི།། དྲན་གདུང་མདུད་པ་གཅིག་ཏུ་སྦྲེལ།།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2021-05-14

འཆི་བར་གདོང་དུ་ལེན་པའི་སྐུ་གཤེགས་དཔའ་བོ་རེ་རེའི་རྒྱབ་ཏུ་དཔའ་རྟུལ་གྱི་གཏམ་རྒྱུད་བརྗེད་ཐབས་བྲལ་བ་རེ་རེ་ཡོད་ཅིང་། རི་ཀླུང་སྟུག་པོའི་ཁྲོད་དུ་གཏན་དུ་ཐིམ་པའི་དཔའ་བོ་རེ་རེས་མི་དམངས་ཀྱི་སེམས་སུ་མཛད་རྗེས་ཀྱི་རྡོ་རིང་རེ་རེ་བསླངས་ཡོད། གཞན་ཡུལ་ལ་གཡུལ་འགྱེད་དུ་བསྐྱོད་ནས་རྣམ་ཤེས་རྒྱང་དུ་ལུས་པའི་དཔའ་བོ་རེ་རེས་ནམ་ཡང་ཕ་ས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཡལ་དུ་མེད།

ཡུལ་དུས་བར་སྟོང་རབ་བརྒལ་བའི།། དྲན་གདུང་མདུད་པ་གཅིག་ཏུ་སྦྲེལ།།
འབའ་ཐང་དམངས་དམག་གིས་དུར་བྱང་ལ་དམར་རྩི་སྐུད་བཞིན་པ།

ཞི་བདེའི་ཆེད་དུ་སྐུ་ཕུང་གཞན་ཡུལ་ལུས་པ་སྐྱོ་འོས་ཀྱང་།། ལོ་ངོ་དྲུག་ཅུའི་རྗེས་ནས་རྣམ་ཤེས་རང་ཡུལ་འཁོར་བ་སྤྲོ།།

ཕན་འབྲས་ཐོན་མགོ་བཙུགས་བྱུང་། འོན་ཀྱང་དེ་ཡང་བརྒྱུད་རིམ་དཀའ་ཚེགས་ཆེ་ཞིང་ཡུན་རིང་བ་ཞིག་རེད། རེ་འགའ་བསྐུར་བའི་ཆ་འཕྲིན་ལ་འཇམ་འཇགས་སེར་གོ་ལན་ཅི་ཡང་མེད་ཅིང་། རེ་འགའ་ཟླ་བ་ཁ་ཤས་རིང་ལ་དཀའ་ལས་བརྒྱབ་ནས་འབྲེལ་གཏུག་བྱས་རྗེས་ཁྱིམ་མི་དང་ངོ་ཐུག་དུས་གཞི་ནས་མི་འཚོལ་ནོར་སོང་བ་ཡིན་པ་ཤེས། རེད་དེ་ང་ཚོས་ལས་དོན་དེ་བསྐྱུར་བསམ་པ་ཡེ་ནས་མེད། སྔོན་གཤེགས་དཔའ་བོ་ཚོས་ཞི་བདེའི་ཆེད་དུ་རང་གི་སྲོག་ཀྱང་བློས་བཏང་བ་ཡིན་ན་ང་ཚོས་དཀའ་ལས་དེ་ཙམ་རྒྱག་མི་ཐུབ་པ་ཅི་ཡོད། ངེས་པར་དུ་སྐུ་གཤེགས་དཔའ་བོ་ཚང་མའི་གཉེན་ཉེ་འཚོལ་ཐུབ་པ་བྱ་དགོས།

ལོ་གཅིག་གི་རིང་ལ། འབའ་ཐང་རྫོང་གི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ལས་དོན་ཅུས་ཀྱི་ལས་སྒྲུབ་མི་སྣས་ཚགས་དེབ་སྔོག་བཤེར་དང་། འབྲེལ་ཡོད་རྒན་རྒོན་ལ་འདྲི་བ། བྱས་རྗེས་འཚོལ་བ་སོགས་ཁུངས་སྣེ་ཅུང་ཙམ་ཡོད་པ་དང་རེ་བ་སྤུ་ཙམ་ཡོད་པ་ཡིན་ཕྱིན་ཡུལ་དངོས་སུ་ཕྱིན་ནས་གྲོང་སྡེ་རེ་རེ་བཞིན་བརྒྱུད་དེ་དཔའ་བོའི་ཞབས་རྗེས་འཚོལ་བ་དང་། དུད་ཁྱིམ་རེ་རེ་བཞིན་དུ་སོང་ནས་བདེན་དཔང་མི་སྣ་འཚོལ་གང་ཐུབ་བྱས་པ་རེད། བཀྲ་ཤིས་ཕུན་ཚོགས་ཀྱིས་ད་བར་ང་ཚོས་སྐུ་གཤེགས་དཔའ་བོ42ཀྱི་ཁྱིམ་མི་བཙལ་ཐུབ་ཡོད། གསར་བརྗེ་དང་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་དོན་དུ་སྐུ་གཤེགས་པའི་དཔའ་བོ་ཚོ་རང་ཁྱིམ་ཆུང་ངུ་རུ་ལོག་ཐུབ་ཡོད། དེ་ནི་ད་ལྟའི་ཆ་འཕྲིན་ལག་རྩལ་ཡར་ཐོན་ཕྱིན་པ་ལ་རག་ལས་ཤིང་། ས་གནས་ཁག་གི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ལས་དོན་ཅུས་ཀྱི་ལས་སྒྲུབ་མི་སྣས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་རེད་ཅེས་བཤད་པ་རེད།

ཡུལ་དུས་བར་སྟོང་རབ་བརྒལ་བའི།། དྲན་གདུང་མདུད་པ་གཅིག་ཏུ་སྦྲེལ།།
སྐུ་གཤེགས་དཔའ་བོ་ལི་ཡིན་ཧྥུའི་པར།

སྤྱི་ཟླ3པའི་ཚེས17ཉིན་གྱི་སྔ་དྲོར། འབའ་ཐང་རྫོང་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ལས་དོན་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ཕུན་ཚོགས་ལ་གཡང་རྔ་གྲོང་ཁྱེར་འགག་སྨད་རྫོང་གི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ལས་དོན་ཅུས་ཀྱི་ཅུས་ཀྲང་གིས་སྐུ་གཤེགས་དཔའ་བོ་ལི་ཡིན་ཧྥུ་ཡི་ཁྱིམ་མི་བཙལ་ཐུབ་སོང་བའི་ཁ་པར་འབྱོར་རྗེས། ཁོ་དགའ་ཐག་ཆོད་ནས་དེ་མ་ཐག་ལི་ཡིན་ཧྥུའི་ནུ་བོ་ལི་ཡིན་ཆོན་ལ་ཁ་པར་བཏང་ནས་འབའ་ཐང་དུ་ཉེ་ངོས་ལེན་སར་ཡོང་དགོས་པའི་བརྡ་བཏང་། དེ་རིང་གཞི་ནས་ངའི་ཕུ་བོ་གང་དུ་གནས་ཡོད་པ་ཤེས་སོང་། ངེད་ཁྱིམ་མི་ཡོངས་ཀྱིས་ཁྱོད་ཚོ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་ཁ་པར་ནས་ལི་ཡིན་ཆོན་སེམས་འགུལ་ཐེབས་ནས་འདར་སིག་སིག་གི་སྐད་ཆ་དེར་ཉན་རྗེས་བཀྲ་ཤིས་ཕུན་ཚོགས་ཀྱི་མིག་ཟུང་མཆི་མས་ཁེངས།

རི་ཀླུང་ཐམས་ཅད་དཔའ་བོའི་དུར་ས་ཡིན།། རྩི་ཤིང་ཀུན་གྱིས་དཔའ་བོའི་བླ་སྲོག་སྐྱོང།། ཞེས་པ་ལྟར། ལི་ཡིན་ཧྥུ་ནི་སྤྱི་ལོ1960ལོར་ཆབ་མདོ་གོ་འཇོ་རྫོང་གནམ་བསྐོས་གཡུལ་འགྱེད་ཀྱི་ཁྲོད་དུ་རང་སྲོག་བློས་བཏང་བའི་སྐུ་གཤེགས་དཔའ་བོ་ཞིག་ཡིན་ལ། འབའ་ཐང་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་སྦས་ནས་ལོ60སོང་ཡོད།

ཡུལ་དུས་བར་སྟོང་རབ་བརྒལ་བའི།། དྲན་གདུང་མདུད་པ་གཅིག་ཏུ་སྦྲེལ།།

སྐུ་གཤེགས་དཔའ་བོ་ལི་ཡིན་ཧྥུའི་དུར་བྱང་།

ཡུལ་དུས་བར་སྟོང་རབ་བརྒལ་བའི།། དྲན་གདུང་མདུད་པ་གཅིག་ཏུ་སྦྲེལ།།

ལི་ཡིན་ཆོན(གཡོན)དང་ལི་ཡིན་ཧྥུའི་བུ་ལི་ཞའོ་ཁྲེང་གི་མཉམ་པར།

ན་ལོའི་ལོ་མགོ་ནས་བཟུང་། འབའ་ཐང་རྫོང་གིས་སྐུ་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བའི་ལས་དོན་དེ་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ལས་དོན་ཅུས་ཀྱི་ལས་དོན་གཙོ་གནད་དུ་བྱ་དགོས་པ་བཏོན་རྗེས། འབའ་ནོར་བུ་ས་ཆ་ནས་མགོ་བཙུགས་པའི་སྐུ་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བའི་བྱ་སྤྱོད་དེ་རི་ཀླུང་ཁྲི་སྟོང་མང་པོ་བརྒལ་ནས་རྒྱལ་ཡོངས་ལ་ཁྱབ་ཡོད་པའི་ཁར་སྐུ་གཤེགས་དཔའ་བོ་རེ་རེའི་གུད་དུ་ལུས་པའི་དྲན་གདུང་གིས་མནར་བའི་རྣམ་ཤེས་ཀྱང་ཡུལ་དུས་དང་བར་སྟོངས་བརྒལ་ནས་རང་ས་རང་ཡུལ་དུ་ལོག་ཐུབ་པ་བྱུང་སྟེ་གཉེན་ཉེ་དང་ལྷན་འཛོམས་ཐུབ་ཡོད།

བཀྲ་ཤིས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་དོན། འབའ་ཐང་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དང་མཚོ་ལའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྡོམས་པས་དཔའ་བོའི་བང་སོ་ཁང362ཡོད། དེའི་ཁྲོད་དུ་མིང་མེད་བང་སོ30ལྷག་ཡོད། ང་ཚོས་ལོ་རེ་བཞིན་སྔོན་གཤེགས་དཔའ་བོ་ཚོར་མཆོད་འབུལ་བྱ་རྒྱུ་རྒྱུན་ཆད་མྱོང་མེད། ད་ཐེངས་སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་རོགས་བྱས་ཏེ། དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་ཡང་ང་ཚོའི་འགན་འཁྲི་ལྡོག་ཏུ་མེད་པ་ཡིན། ང་ཚོས་སྔོན་ལ་དྲྭ་ཐོག་ནས་དཔའ་བོའི་ཆ་འཕྲིན་བཀོད་དེ་གཉེན་ཉེ་འཚོལ་བའི་ལས་དོན་སྤེལ་ཡང་ཕན་འབྲས་ཆེན་པོ་ཐོན་ཐུབ་མ་སོང་། དཔའ་བོའི་མིང་ཁོ་ན་ལས་ཆ་འཕྲིན་གཞན་མེད་པས་རྒྱ་མཚོའི་ནང་དུ་ཁབ་འཚོལ་བ་དང་འདྲ་འདྲ་རེད། རྗེས་སུ་ང་ཚོས་སྲོལ་རྒྱུན་གྱི་བྱེད་ཐབས་སྤྱད་དེ་ཅུས་ཡོངས་ཀྱི་མི་བཅུ་ཡིས་བང་སོའི་པར་རིས་དང་ས་གནས་སོགས་ཀྱི་ཆ་འཕྲིན་གང་རྙེད་གཅིག་ཏུ་བསྡུས་ཏེ། ཁ་པར་གྱི་ཐོག་ནས་རེ་རེ་བཞིན་གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ལས་དོན་ཅུས་ལ་འབྲེལ་མཐུད་བྱས་པར་བརྟེན། ལས་དོན་ལ་གཞི་ནས་

དཔའ་བོར་གཏན་དུ་མི་བརྗེད་ཆེད།། དཔའ་བོའི་ཁྲག་རྒྱུད་ཆད་མེད་བསྐྱངས།།

གླགས་མི་འདུག། ཨ་མ་དང་ཕུ་བོའི་བཟའ་ཟླ་གཉིས་ངུས་ནས་སར་འགྱེལ་ཏེ་ལངས་མི་ཐུབ་པར་གྱུར། ཞེས་ལི་ཡིན་ཆོན་གྱིས་ངུ་ངག་གིས་དེ་ལྟར་དྲན་གསོ་བྱས། དེའི་རྗེས་སུ་ཕུ་བོའི་བཟའ་ཟླས་ཁྱོ་ག་བསྐྱར་དུ་བཙལ་ནས་སོང་བ་དང་། ཨ་མས་ལི་ཡིན་ཆོན་ཁྲིད་ནས་ལི་ཡིན་ཧྥུའི་ཕྲུ་གུ་གཉིས་ལྟ་གཉོར་བྱས་པ་རེད།

དེའི་རྗེས་ལ་ཕུ་བོའི་པར་ཡོད་པ་དག་ཨ་མས་མེར་བསྲེགས་པ་རེད། གང་རེད་ཟེར་ན། པར་མཐོང་དུས་མི་དྲན་ཡོང་གི་ཡོད་པས་རེད། སྐབས་དེ་དུས་ངས་ཕུ་བོའི་པར་ཞིག་ལྐོག་ཏུ་བསྐུངས་པ་ཡིན། ང་རང་གིས་ཕུ་བོར་དྲན་གསོ་བྱེད་ཐབས་ཆེས་ཡག་ཤོས་ནི་ཁོང་ལྟ་བུའི་མི་ཞིག་བྱ་རྒྱུ་དེ་རེད་སྙམ་བྱུང་ཞེས་ལི་ཡིན་ཆོན་དེ་ལྟར་བཤད་པ་དང་། ཁོས་བཤད་པ་ལྟར་ལག་ལེན་དུ་ཡང་བཏང་ཡོད།

གསར་བརྗེའི་ཕུགས་འདུན་གནམ་ལས་མཐོ་ཞེས་པ་ལྟར། ལི་ཡིན་ཧྥུ་ཡིས་རང་གི་ཐུགས་འདུན་ལྟར་ཞི་བདེའི་དུས་བཟང་གི་ཆེད་དུ་རང་སྲོག་ཕངས་མེད་དུ་བཏང་།

1937ལོར་གཡག་རྔ་གྲོང་ཁྱེར་འགག་སྨད་རྫོང་དུ་སྐྱེས་པའི་ལི་ཡིན་ཧྥུ་ལོ་ན19དུས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནང་དུ་ཞུགས་ནས་ལོ་བཞིར་འགོར་རྗེས། ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་གཏོང་བའི་གཡུལ་འགྱེད་ཁྲོད་དུ་རང་སྲོག་བློས་བཏང་ཞིང་། སྐབས་དེར་ཁྱིམ་དུ་ཨ་མ་དང་བུ་ཕྲུག་ཆུང་ངུ་གཉིས་ལུས་ཡོད། ཁྱིམ་མི་ཚོས་ཁོང་རྒྱལ་ཁའི་ངང་ཕྱིར་ལོག་པ་སྒུག་བཞིན་པའི་སྐབས་དེར་བསམ་ཡུལ་འདས་པ་སྐུ་གཤེགས་དཔའ་བོའི་དཔང་འཛིན་ཞིག་དང་ཞལ་བཞུགས་དུས་ཀྱི་གོས་ཆས་ཤིག་ལས་ཅི་ཡང་མེད།

ང་ཚོའི་ཨ་ཕ་ཚེ་ལས་འདས་སྔ་ཞིང་། ཕུ་བོ་ནི་ཁྱིམ་ཚང་གི་དཀྱིལ་ཀ་ལྟ་བུ་དེ་ཡིན། གློ་བུར་དུ་བོར་བ་ལྟར་སོང་དུས་སྡུག་བསྔལ་དེ་བཟོད་

1966ལོར་ལི་ཡིན་ཆོན་ལ་དམག་བསྡུའི་ལུས་བཤེར་ཚད་ལོན་དཔང་འཛིན་འབྱོར་བས། ཁོ་རང་དགའ་དྲགས་ནས་གཉིད་མི་ཁུག་ཅིང་དེར་མཚུངས་ཨ་མ་ཡང་མཚན་གང་བོར་གཉིད་ཁུག་ཐབས་བྲལ། ཡིན་ན་ཡང་ཨ་མས་ལི་ཡིན་ཆོན་དམག་ཏུ་ཞུགས་པར་བཀག་འགོག་བྱས་མེད། ལི་ཡིན་ཆོན་གྱི་ཨ་མ་ནི་བུད་མེད་བསམ་ཤེས་ཅན་ཧ་གོ་བརྒྱ་གོ་ཞིག་ཡིན་ཞིང་། མོས་ལི་ཡིན་ཆོན་ལ་བཅིངས་འགྲོལ་དམག་ཡོང་མ་སྔ་ན་ཁྱོད་སྤུན་གཉིས་ཀྱང་ལྟོགས་གྲིར་ཤི་ཚར། ང་ཚོས་བཀའ་དྲིན་འཇལ་དགོས་ཀྱི་རེད་ཡ་ཞེས་བཤད་པ་དང་། མོས་ལི་ཡིན་ཆོན་དམག་ཏུ་སྐྱེལ་དུས་མིག་མཆི་མས་གང་ནས་ཡིན་ཆོན་ཡ། ངེས་པར་བདེ་མོའི་ངང་ཕྱིར་ལོག་ཤོག་ཅེས་ཡང་ཡང་འབོད་པ་རེད།

སྤྱི་ལོ1974ལོར་ཨ་མར་ནད་ཕོག་པས་དམག་མིའི་འཚོ་བ་ལོ8ལ་རོལ་བའི་ལི་ཡིན་ཆོན་དམག་ཁོངས་ལས་བསྒྱུར་ནས་ཕྱིར་རང་ཁྱིམ་དུ་ལོག་པ་དང་། ཁོས་གཡུལ་འགྱེད་ཐེངས་གཅིག་ཀྱང་རྒྱག་མ་མྱོང་ན་ཡང་། དམག་དཔུང་དུ་འཇོན་ནུས་མང་པོ་དང་བློས་འབུལ་གྱི་སྙིང་སྟོབས་སྦྱངས་ཐུབ་ཡོད།

ལི་ཡིན་ཆོན་གྱིས་དམག་ཁོངས་ནས་བསྒྱུར་ཏེ་ཕྱིར་ལོག་རྗེས། ང་རང་ཁྱིམ་ཚང་གི་སྲོག་ཤིང་དུ་གྱུར་པ་དང་། འཚོ་བ་ཡང་ཉིན་རེ་ལས་ཇེ་ཡག་ཏུ་སོང་། སྐབས་དེ་དུས་ནས་ངས་ཕུ་བོ་འཚོལ་འདོད་ཡོད། རེད་དེ་དཔང་འཛིན་དུ་ཕུ་བོ་ས་ཆ་གང་དུ་སྦས་ཡོད་པ་བྲིས་མི་འདུག་ལ། གང་སར་དྲིས་ཀྱང་ཤེས་མཁན་མི་འདུག། དེ་ལས་ཀྱང་སེམས་ཕངས་པ་ཞིག་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་དུས་སྐབས་སུ་ངེད་ཁྱིམ་དུ་མེ་སྐྱོན་ཤོར་ནས་ཕུ་བོའི་རང་སྲོག་བློས་བཏང་བའི་དཔང་འཛིན་ཡང་ཅ་དངོས་གཞན་དག་དང་མཉམ་དུ་རྩ་མེད་དུ་སོང་བས། ངས་ད་ནི་མི་ཚེ་འདིར་ཕུ་བོ་འཚོལ་ཐབས་ག་ལ་ཡོད་སྙམ་བྱུང་ཞེས་བཤད།

བསམ་ཡུལ་འདས་པ་ཞིག་ནི་ལོ་ངོ་སུམ་ཅུ་ལྷག་སོང་རྗེས། སྐུ་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བའི་དམངས་ཡོངས་ཞུགས་པའི་བྱེད་སྒོ་འདི་ལ་བརྟེན་ནས། ལི་ཡིན་ཆོན་གྱིས་བར་ཐག་སྤྱི་ལེ600ལྷག་ཡོད་པའི་འབའ་ཐང་རྫོང་དུ་རང་གི་ཕུ་བོ་རྙེད་སོང་བ་རེད། ལི་ཡིན་ཆོན་གྱིས་ཕུ་བོ་ད་ལྟར་ཞལ་བཞུགས་ཡོད་ན་ལོ84ལ་སོན་ཡོད། ལོ60ཕྱིན་སོང་། ཕུ་བོའི་དུར་ས་རྙེད་ཐུབ་པ་སེམས་ལ་དྲན་ཡང་དྲན་ཕོད་ཀྱི་མེད་ཅེས་སེམས་འགུལ་ཆེན་པོས་དེ་ལྟར་བཤད།

ད་ཆ་ལི་ཡིན་ཆོན་དང་ལི་ཡིན་ཧྥུ་ཡི་བུ་རྒྱུད་ཚང་མས་རང་རྐྱ་འཕེར་ནས་ཁྱིམ་འཛུགས་ལས་གཉེར་བྱས་ཟིན་ཞིང་། ཚ་བོ་ཚ་མོ་ཚོ་ཡང་སློབ་ཆེན་དུ་འདོན་བཞིན་ཡོད། དེ་སྔོན་དཔའ་བོ་ཚོས་ཚེ་སྲོག་གིས་བསྐྱངས་པའི་ས་བོན་ལ་ད་ལྟ་བདེ་སྐྱིད་ཀྱི་མེ་ཏོག་ཤར་ཟིན་ནོ།།

ལི་ཡིན་ཆོན་གྱིས་རང་གི་ཚ་བོ་དམག་ནང་དུ་བསྐྱལ་རྒྱུའི་བསམ་ཚུལ་ཡང་མི་རིང་བར་ལག་ལེན་དུ་བསྟར་རྒྱུ་ཡིན་པ་དང་། ཁོས་ངའི་ཕུ་བོ་དང་ང་རང་ཚེ་འདི་ལ་དམག་མི་བྱེད་གོ་ཆོད་ཡོད། ད་ལོར་ཚ་བོ་ཁྲིད་ནས་འབའ་ཐང་གི་ས་གཞི་ཆེན་མོར་གཟིམས་བཞིན་ཡོད་པའི་ཕུ་བོ་ལ་ལན་གཅིག་བལྟ་སར་འགྲོ་ངེས་ཡིན། དེར་མ་ཟད་ཕུ་བོ་ལ་རང་གིས་ཏང་གི་བཀའ་དྲིན་མི་བརྗེད་མི་སྲིད། ལི་ཚང་གི་ཕོ་གཞོན་དམག་ནང་དུ་ཞུགས་ཆོག་ཚེ་ངེས་པར་དུ་འགྲོ་རྒྱུ་ཡིན་ཞེས་བཤད་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་ཕྱི་རྒྱལ་ནས་མཆེད་པའི་རིམས་ཚུལ་ནན་འགོག་བྱས་ཏེ་འགོག་ཟོན་དགོས་པའི་བླང་བྱ་བཏོན།
  • ལེ་ཚན་རྗེས་མ།:ཏང་གི་ཐུགས་ཁུར་འོག་ཏུ་འཚར་ལོངས་བྱུང་།། ལྷད་མེད་བརྩེ་སེམས་ཏང་ལ་མངོན་པར་ཕྱོགས།།
  • དོ་སྣང་ཆེ་བའི་རྩོམ།