ཐང་གའི་རིག་གནས་ཞིབ་འཇུག་ཐད་ཀྱི་མཉམ་ལས་གལ་ཆེན་ཞིག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-05-13

       སྤྱི་ཟླ་5ཚེས་12ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཅང་སུའུ་ཧྥེང་ཧོང་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པ་ཅང་སུའུ་ཧྥེང་ཧོང་མཛེས་རྩལ་དཔེ་སྐྲུན་ཁང་གི་ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ཅེས་པའི་མུ་འབྲེལ་དཔེ་ཚོགས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་པེ་ཅིང་དུ་གཉེར་བ་རེད། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཏང་ཙུའུ་ཡི་ཧྲུའུ་ཅི་ཁྲེན་ཙུང་རུང་དང་། ཅང་སུའུ་ཞིང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་༼ཞིང་ཆེན་པར་དབང་ཅུས༽ཀྱི་ཅུས་ཀྲང་། ཞིང་ཆེན་གློག་བརྙན་ཅུས་ཀྱི་ཅུས་ཀྲང་ཅའོ་ཅན་ཅུན། ཅང་སུའུ་ཧྥེང་ཧོང་མཛེས་རྩལ་དཔེ་སྐྲུན་ཁང་གི་འགོ་འཛིན་ཁྲེན་རྨིན། བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ནོར་བུ་བཀྲ་ཤིས་བཅས་ཀྱིས་ཁག་སོ་སོར་ཤིས་ཚིག་བསྒྲོན་པ་རེད། ཅང་སུའུ་ཧྥེང་ཧོང་མཛེས་རྩལ་དཔེ་སྐྲུན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་མི་སྣ་དང་། རིགས་གཅིག་མཁས་པ་དང་རིག་གནས་པ་མཛད་སྒོར་ཞུགས་ཡོད། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལེན་ཤང་རྨིན་གྱིས་མིང་རྟགས་འགོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

ཐང་གའི་རིག་གནས་ཞིབ་འཇུག་ཐད་ཀྱི་མཉམ་ལས་གལ་ཆེན་ཞིག

   ཁྲེན་ཙུང་རུང་གིས། ཐང་གའི་རིག་གནས་ཞིབ་འཇུག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་རིག་དངོས་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཐང་གའི་སྒྱུ་རྩལ་གོང་འཕེལ་བྱུང་བའི་བརྒྱུད་རིམ་དང་དེའི་མི་ཆོས་རིག་གནས་ཀྱི་ནང་གནས་རིན་ཐང་མ་ལག་ལྡན་པའི་སྒོ་ནས་ལེགས་སྒྲིག་དང་སྔོག་འདོན་གང་ལེགས་བྱ་རྒྱུ་ནི། ཐང་གའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་སྟོང་ཆ་སྐོང་རྒྱུ་དང་། བོད་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་། སྲུང་སྐྱོབ། དར་སྤེལ་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་བསྟན་གནང་ཡོད། 

ཐང་གའི་རིག་གནས་ཞིབ་འཇུག་ཐད་ཀྱི་མཉམ་ལས་གལ་ཆེན་ཞིག

       ཁྲེན་ཙུང་རུང་གིས། ད་ཐེངས་ཀྱི་མཉམ་ལས་འདིས་ཞིབ་འཇུག་ལས་སྟེགས་རྩེ་གྲ་ཞིག་བསྐྲུན་རྒྱུ་སྟེ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཡོད་པའི་ཐང་གའི་རིག་གནས་ཐད་ཞིབ་འཇུག་དང་བསྡུ་ཉར་བྱེད་མཁན་ཚན་པ་དང་མཉམ་འབྲེལ་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་དབང་གྲགས་ལྡན་པའི་ཐང་གའི་རིག་གནས་རིག་གཞུང་ཞིབ་འཇུག་ཚོགས་པ་དང་མཉམ་ལས་བྱས་ཏེ། མིག་སྔར་རྒྱལ་ནང་དང་། འཛམ་གླིང་ས་གནས་ཁག གཞུང་སྒེར་ཁག་བཅས་ནས་ཉར་ཚགས་བྱས་པའི་ཐང་གའི་ཁྲོད་ནས། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་ཐང་གའི་བརྩམས་ཆོས་ལེགས་འདེམས་བྱས་ཏེ། ཆ་ཕྱོགས་མང་པོ་ནས་དུས་རབས་བཅུ་གཅིག་ཚུན་གྱི་ཐང་གའི་རིག་གནས་ཀྱི་གོང་འཕེལ་ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་ནང་དོན་མངོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

       ཅའོ་ཅན་ཅུན་གྱིས་ཅང་སུའུ་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་། ཅང་སུའུ་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་ཚབ་ཞུས་ཏེ་གྲོས་མཐུན་ལ་མིང་རྟགས་བཀོད་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཁོང་གིས། རྣམ་གྲངས་འདི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་སྤུས་དག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གསར་རྩོམ་དང་། རྩོམ་སྒྲིག ཇུས་འགོད་སོགས་ལྷུ་ཚིགས་ཁག་གི་སྤུས་ཚད་དམ་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཧྥེང་ཧོང་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པས་ད་ཐེངས་ཀྱི་མཉམ་ལས་འདི་གོ་སྐབས་སུ་བཟུང་ནས་ཕྱོགས་གཉིས་པོའི་དཔེ་སྐྲུན་གྱི་ལེགས་ཆ་དང་རིག་གཞུང་གི་ལེགས་ཆ་སྔར་བས་ཁྱབ་གདལ་དང་སྣོར་སྲིང་བྱས་ཏེ། བོད་རིག་པའི་ཐད་ཀྱི་སྤུས་དག་ཐོན་རྫས་ལེགས་སྒྲིག་དང་། ཞིབ་འཇུག དཔེ་སྐྲུན་བཅས་བྱེད་པའི་ཐད་མཉམ་ལས་དེ་བས་མང་བ་བྱེད་པ་དང་། གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱས་ཏེ། བོད་རིག་པ་ཞིབ་འཇུག་དང་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

 

ཐང་གའི་རིག་གནས་ཞིབ་འཇུག་ཐད་ཀྱི་མཉམ་ལས་གལ་ཆེན་ཞིག

       གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ཅང་སུའུ་ཧྥེང་ཧོང་མཛེས་རྩལ་དཔེ་སྐྲུན་ཁང་གིས《ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་གི་མུ་འབྲེལ་དཔེ་ཚོགས་ཀྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད། རྣམ་གྲངས་འདི་ཅང་སུའུ་ཧྥེང་ཧོང་མཛེས་རྩལ་དཔེ་སྐྲུན་ཁང་གི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ཆ་ནས་དུས་ཡུན་ལོ་ལྔའི་ནང་ལེགས་འགྲུབ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་སྨན་ཁབ་ལ་འཕྲལ་མྱུར་བེད་སྤྱོད་ཀྱི་ངོས་འཛིན་ཐོབ་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སུ་ཁ་ལོ་བའི་ལག་འཁྱེར་འདི་རིཊ་ཁྱབ་གདལ་གཏོང་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།