ཞའོ་ཡིའུ་ཚའེ་ཡིས་ཕྱི་རྒྱལ་ནས་མཆེད་པའི་རིམས་ཚུལ་ནན་འགོག་བྱས་ཏེ་འགོག་ཟོན་དགོས་པའི་བླང་བྱ་བཏོན།

ལྷ་འཛོམས་ཀྱིས་བསྒྱུར།        2021-05-12

     སྤྱི་ཟླ5པའི་ཚེས10ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན། བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཞའོ་ཡིའུ་ཚའེ་ཡིས་ཁུལ་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས48པ་གཙོ་འགན་བཞེས་ནས་ཉེ་དུས་རྒྱལ་ཁབ་དང་ཞིང་ཆེན་གྱི་བོད་འབྲེལ་ས་ཁུལ་དུ་ཕྱི་རྒྱལ་ནས་རིམས་ནད་འགོ་ཡོང་རྒྱུར་འགོག་ཟོན་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་ནན་གསུང་། ཡང་བསྐྱར་དོན་འཁྱོལ་བཅས་བྱས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། མིག་སྔར་སའི་གོ་ལ་ཧྲིལ་པོར་ཏོག་གསར་གློ་རིམས་གྱི་གནས་ཚུལ་མཆེད་ཚད་སྔར་བཞིན་ཆེན་པོ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོའི་རིམས་ནད་འགོག་ཟོན་ཐད་ལ་གྲུབ་འབྲས་ཆེན་པོ་ཐོབ་སྟེ“ཀྲུང་གོའི་རིམས་ནད་བཅོས་སྒྲིག”དེ་“ནུབ་ཕྱོགས་ཀྱི་ཟིང་ཆ”“རྒྱ་གར་གྱི་ཟིང་ཆ”གཉིས་དང་བསྡུར་ན་མངོན་གསལ་དོད་པོ་ཡིན་ཞིང་། དེའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་དང་མ་རྩ་རིང་ལུགས་ལམ་ལུགས་ཀྱི་ཞན་ཆ་ཆེན་པོ་གང་ལེགས་མངོན་ཡོད། རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་ཕྱི་རྒྱལ་ནས་རིམས་ནད་འགོ་ཡོང་རྒྱུར་དོགས་ཟོན་བྱ་དགོས་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ནན་པོ་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྲིམས་ལྟར་འགོག་ཟོན་དང་། ཚན་རིག་དང་མཐུན་པར་འགོག་ཟོན། གནད་སྨིན་འགོག་ཟོན་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་ཆེན་པོ་དེ་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏང་དགོས།

ངེས་པར་དུ་གཟབ་ནན་དང་ཚོད་འཛིན་གྱིས་འགན་འཁྲི་ནན་པོར་བསྒྲུབ་ཅིང་། རྨོངས་ཚོད་ཀྱི་སྤྲོ་སྣང་དང་ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་བྱས་ཏེ་འཚུབ་བསྟུན་ཐག་གཅོད་ཀྱི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སྔ་ཙམ་འགོག་ཟོན་དང་། སྔ་ཙམ་གོ་ཐོན་པ། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བཅས་མཐའ་གཅིག་ཏུ་བྱ་དགོས། ངེས་པར་དུ་ཏོག་གསར་གློ་རིམས་ཚུལ་ནང་འདྲེན་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བཟོས་དགོས་པ། འགྲོ་འོང་མི་འབོར་གྱི་དོ་དམ་ལ་ཤུགས་བསྣན་བརྒྱབ་སྟེ། མིར་ཞིབ་བཤེར་དང་ཐོ་འགོད་པ། ལུས་ཁམས་བདེ་ཐང་ལྟ་ཞིབ་བཅས་གསུམ་ཡོངས་ཁྱབ་ཏུ་བྱ་དགོས། ཁྱད་པར་དུ་ཁུལ་དུ་འགྲོ་འོང་བྱེད་མཁན་ཕྱི་མིར14+7+7ཡི་ལུས་ཁམས་དོ་དམ་བྱ་ཐབས་ནན་པོ་བྱ་དགོས། དུས་མཚུངས་སུ་ཁྲིམས་དང་འགལ་ནས་འགྲོ་འོང་བྱ་སྤྱོད་དང་གྲང་འདྲེན་ཟས་རིགས་ཉར་བ་དང་གྲང་འདྲེན་ཟས་རིགས་ལྐོག་འཚོང་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ནས་ཏོག་གསར་རིམས་འགོ་བའི་ཉེན་ཁ་མཐའ་གཅིག་ཏུ་མེད་པ་བཟོས་དགོས། ངེས་པར་དུ་གཙོ་གནད་ས་ཁུལ་གྱི་རིམས་ནད་འགོག་ཟོན་ལ་ཤུགས་སྣོན་བརྒྱག་དགོས། མཛེས་ལྗོངས་ས་ཁུལ་དང་གནམ་གྲུ་ཐང་། རླངས་འཁོར་འབབ་ཚུགས། ཟ་ཁང་དང་མགྲོན་ཁང་། ཚོང་ཁང་། སྒོ་རྩིས་ཚོང་ཁང་སོགས་གཙོ་གནད་ཡུལ་དུ་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་། ཨང་གསལ་ཨང་རྟགས། ཁ་ཤུབས་རྒྱག་པ། མི་དང་མི་བར་སྨི་གཅིག་རྒྱང་བ”སོགས་ཀྱི་འགོག་ཟོན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་གྲྭ་བཙུན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཅིག་སྡུད་རང་བཞིན་གྱི་རིམས་ནད་འགོ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། ངེས་པར་དུ་མི་ཚོགས་ཀྱི་རིམས་འགོག་སྲུང་ཡོལ་བརྟན་པོ་བཟོས་དགོས། རང་རྒྱལ་ནས་ཐོན་པའི་རིམས་འགོག་སྨན་ཁབ་ཀྱི་ཉེན་མེད་རང་བཞིན་དང་ཕན་ནུས་རང་བཞིན་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་སྨན་ཁབ་རྒྱག་འདོད་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་རྒྱག་དགོས་ཚད་ལ་རྒྱག་ཐུབ་པ་བྱ་དགོས། ངེས་པར་དུ་བློ་རྩ་བརྟན་པོའི་སྒོ་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ་རྫོང་གི་གྲོང་གསེབ་ཀྱི་རིམས་ནད་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་དང་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ལྡོག་ལེན་གནད་དོན་དག་བཅོས་བྱས་ཚུལ་ལ་དངོས་ཞིབ་ལྐོག་འདྲི་བྱེད་པ་དང་། སྒྲུབ་སྐུལ་ནན་པོ་དང་འགན་འཁྲི་བདའ་འདེད་ནན་པོ།་ཕན་འབྲས་འདྲི་རྩད་ནན་པོ་བཅས་བྱས་ནས་ཐབས་པ་དཀའ་བའི་རིམས་ནད་འགོག་ཟོན་གྲུབ་དེ་ཆུད་ཟོལ་དུ་གཏན་ནས་གཏོང་མི་རུང་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཁྲེན་ཅིང་དང་ལི་ཆང་གིས་ཁག་བགོས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་འཚུབ་བསྟུན་བཀོད་འདོམས་པུའི་ཕྱི་དོན་ལས་སྒྲུབ་ཚོགས་ཆུང་དང་། ཁུལ་སྤྱི་བདེ་ཅུས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཚན་ཁག་གི་འགན་འཁུར་བས་གཏམ་བཤད་བྱས་པ་རེད།།

  • ལེ་ཚན་སྔོན་མ།:སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་དྲན་གསོ་ཁང་ཕྱི་ཕྱོགས་སུ་སྒོ་ཕྱེ།
  • ལེ་ཚན་རྗེས་མ།:ཡུལ་དུས་བར་སྟོང་རབ་བརྒལ་བའི།། དྲན་གདུང་མདུད་པ་གཅིག་ཏུ་སྦྲེལ།།
  • དོ་སྣང་ཆེ་བའི་རྩོམ།