ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་བརྟག་ཞིབ་གནང་དུ་ཡོང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

        2021-05-12

སྤྱི་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར་ཁུལ་ཨུས་རྒྱུན་ལས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་བརྟག་ཞིབ་གནང་དུ་ཡོང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།རང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས་ཤིང་། ཞིང་ཆེན་ཏང་ཨུའི་བོད་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱུད་རིམ་ཞིབ་འཇུག་དང་རེ་རེ་བཞིན་གསེད་འདེམས་བྱས་ནས་ལས་འགན་ཡི་གེ་གཏན་འཁེལ་བྱས་པ་དང་།དུས་ཚོད་རེའུ་མིག་བཟོས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆད་ལུས་མེད་པར་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བའི་སྐོར་གྱི་ལས་ཀའི་བླང་བྱ་ལྟར། ཏང་གི་ལོ་རྒྱུས་སྦྱོང་བ་དང་བསམ་བློའི་སྙིང་བཅུད་ལེན། དོན་དངོས་ཏན་ཏིག་སྒྲུབ། མགོ་གསར་པ་འཛུགས་རྒྱུར་དམིགས་ཏེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པ། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་ཇེ་དྲག་གཏོང་བ། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་སྐྱོང་བ། ལོ་རྒྱུས་སྦྱངས་ནས་འབད་སྒྲུབ་བྱེད་པ་བཅས་བྱས་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཡག་པོ་གཏང་དགོས་ཞེས་ནན་བཤད་བྱས་པ་རེད། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དང་ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུའི་འབྲེལ་མཐུད་ལས་དོན་དམ་འཛིན་ཡག་པོ་བྱ་དགོས། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བ་དང་། ཡུལ་སྡེའི་འདུག་སྡོད་འཚམ་པ་དང་ཞིང་ལས་ཞུགས་འཚམ་པ། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏང་དགོས། ཉེ་དུས་མེ་སྐྱོན་མང་པོ་བྱུང་བའི་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ནས་འགན་འཁྲི་ནན་དུ་གཏོང་བ་དང་། མེའི་འབྱུང་ཁུངས་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་ནན་ཏན་བྱེད་པ། མིའི་རྒྱུ་རྐྱེན་མེད་པར་བཟོ་བ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་གྱི་ཀྱི་དམག་འཐབ་དྲག་པོ་མཐའ་གཅིག་ཏུ་བརྒྱག་དགོས། ནུས་ཤུགས་ཡོད་རྒུས་རང་བྱུང་གནོད་འཚེ་འགོག་ཟོན་དང་མ་མཐའི་མཚམས་ཐིག་གི་བསམ་གཞིག་ཇེ་དྲག་ཏུ་བཏང་ནས་ཉེན་ཟོན་སྔོན་བརྡ་གཏང་རྒྱུ་དང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་རྒྱུ། ཉེན་གཡོལ་སྒྲིག་འཛུགས་བྱ་རྒྱུ། འཚུབ་བསྟུན་གྲ་སྒྲིག་བྱ་རྒྱུ། སློབ་གསོ་ཁྲིད་སྟོན་བྱ་རྒྱུ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས།

ཚོགས་འདུའི་ཐོག་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་གཙོ་བོ་དང་སྐབས་བཅུ་གཅིག་པའི་ཁུལ་ཨུའི་རེས་སྐོར་དགུ་པའི་སྐོར་ཞིབ་དང་རྟོག་ཞིབ་གནས་ཚུལ་སོགས་ཀྱི་སྙན་ཞུ་ལ་ཉན་འཇོག་བྱས་པ་དང《ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོགས་ཆུང་ལྔ་པའི་ཏོག་གསར་གློ་རིམས་འགོག་ཟོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་གྱི་དག་ཐེར་ཇུས་གཞི(ཞིབ་བཤེར་ཞུ་ཡིག)》དང《ཡུལ་སྡེ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་མཐོ་སྒང་གི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར》སོགས་ལ་ཞིབ་བཤེར་གཏན་འབེབས་གནང་བ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།
  • ལེ་ཚན་རྗེས་མ།:སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་དྲན་གསོ་ཁང་ཕྱི་ཕྱོགས་སུ་སྒོ་ཕྱེ།
  • དོ་སྣང་ཆེ་བའི་རྩོམ།