ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།

ཡེ་ཤེས་ཀྱིས་བསྒྱུར།        2021-05-11

ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།

པར་འདི་ནི་དྲག་རྩལ་སྦྱོང་མཁན་གྱིས་ཧོ་པེ་ཚང་ཀྲོའུ་སུའུ་ཉིང་རྫོང་ཞིས་ཕོ་ཀྲོང་གི་མེ་ཏོག་པད་མ་རིག་གནས་གླིང་དུ་སྟག་ལྔའི་སྒོ་གཅོད་པའི་མདུང་རྩལ་འཁྲབ་སྟོན་བྱེད་བཞིན་པ་རེད།

 

ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།

   པར་འདི་ནི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་མོང་ཀྲོང་གྲོང་རྡལ་ཁོངས་ཀྱི་ཀུའེ་ཧྲན་མཛེས་ལྗོངས་ཁུལ་དུ་དམངས་ཁྲོད་སྒྱུ་རྩལ་པ་ཧུའུ་ཨན་ཐུང་གིས་གྲོགས་པོ་ཆུང་ཆུང་ཚོར་གཟུགས་མེད་རིག་གནས་ཤུལ་བཞག་གི་རྫ་བཟོའི་ལག་རྩལ་སློབ་བཞིན་པ་རེད།

 

ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།

པར་འདི་ནི་ཁྲུང་ཆིང་ཅང་ཅིན་ཆུས་ཨའོ་ཡེ་ཐེན་ཧྲེ་གཉེར་སྐྱོང་རྟེན་གཞིའི་ཡུས་ཤན་ནུང་ཀུའུ་མཛེས་ལྗོངས་ཁུལ་དུ་གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག་གིས་ཆུ་འབྲས་ནང་དུ་འབྲས་མྱུག་འཛུགས་པར་ཉམས་ལེན་བྱེད་བཞིན་པ་རེད།

 

ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།

པར་འདི་ནི་ཡུལ་སྐོར་བས་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིང་ཧྲ་རི་བོའི་ཟླ་འོད་ཆུ་མིག་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ་རེད།

 

ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།

པར་འདི་ནི་ཡུལ་སྐོར་བས་ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཅང་ཡན་ཆུས་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ལྟ་སྐོར་བྱེད་བཞིན་པ་རེད།

 ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།
པར་འདིན་ནི་ཡུལ་སྐོར་བས་ཀུའེ་ཀྲོའུ་ཙུན་དབྱི་ཚོགས་འདུ་འཚོགས་ཡུལ་དུ་ལྟ་སྐོར་བྱེད་བཞིན་པ་རེད།

 

ད་ལོའི་ལྔ་གཅིག་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ཡོད་པས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ལས་མང་བ།

པར་འདི་ནི་ཀོང་ཀྲོའུ་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་བསྐྱོད་བཞིན་པ་རེད།

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5ཚེས5ཉིན་གློག་འཕྲིན་འབྱོར་གསལ། ཚེས5ཉིན་གྱི་དགོང་མོར་རིག་གནས་དང་ཡུལ་སྐོར་པུའུ་ནས2021ལོའི་ལྔ་གཅིག་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། བསྡོམས་རྩིས་ལས་མངོན་པར་སྤྱི་ཟླ5པའི་ཚེས1ཉིན་ནས་ཚེས5ཉིན་བར་རྒྱལ་ཡོངས་སུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་དུང་ཕྱུར2.3ལ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ119.7འཕར་ནས་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་སླར་གསོ་བྱས་པ་ནས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ཀྱི་བརྒྱ་ཆ103.2ལ་ཟིན་ཡོད་པ་རེད། 

    རིག་གནས་དང་ཡུལ་སྐོར་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལྔ་གཅིག་གུང་སེང་རིང་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1132.3ལ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ138.1འཕར་བ་དང་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་སླར་གསོ་བྱས་པ་ནས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ཀྱི་བརྒྱ་ཆ77.0ལ་ཟིན་ཡོད་པ་རེད། རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་སུ་ཉེན་མེད་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་བྱུང་མེད་པ་དང་རིམས་ནད་དེ་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་སུ་ཁྱབ་པའི་གནས་ཚུལ་བྱུང་མེད་པ་རེད། 

   ལྔ་གཅིག་གུང་གསེང་རིང་ས་གནས་ཁག་གི་མཛེས་ལྗོངས་ཁུལ་གྱིས་ཚད་བཀག་དང་། ཁ་ཆད་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་རྒྱལ་ཡོངས་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི4800ཙམ་སྣེ་ལེན་ཞུས་པ་དང་། རིག་ལྡན་ཡུལ་སྐོར་ལས་སྟེགས་ལ་བརྟེན་ནས་ས་གནས་ཁག་གིས་འགྲུལ་པར་་སྔོན་དཔག་གནད་སྨིན་དང་དོ་དམ་བྱས་ཏེ་ཡུལ་སྐོར་བ་ཁག་བགོས་ནུས་ལྡན་བྱས་པ་རེད། 

    ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་ཡིན་པས་གསར་བརྗེའི་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། ད་ལོའི་ངལ་རྩོལ་དུས་ཆེན་དེ་གཞོན་ནུའི་དུས་ཆེན་དང་འབྲེལ་ནས་ན་གཞོན་དེ་བས་མང་པོ་གསར་བརྗེའི་ཡུལ་སྐོར་ནང་ཞུགས་པ་དང་དུས་རབས་གསར་པའི་གསར་བརྗེའི་ཡུལ་སྐོར་ན་གཞོན་ཅན་གྱི་རྣམ་པ་མངོན་པ་དང་གསར་བརྗེའི་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར།དམངས་སྲོལ་ཡུལ་སྐོར། ཞིབ་འཇུག་སློབ་སྦྱོང། ཡུལ་སྡེའི་ཡུལ་སྐོར་སོགས་ལམ་ཐིག་གསར་པ་དང་ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་རེད། 

    གཞན་ཡང་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལྔ་གཅིག་གུང་སེང་རིང་ཡུལ་སྐོར་བ་ཕྱིར་བསྐྱོད་སྐབས་སྤྲོ་གསེང་རིགས་ཀྱི་སྤུས་ཚད་དང་འགྲོ་སྐྱོད་ལ་དེ་བས་སྣང་ཆེན་བྱས་ནས་སྒེར་གྱི་ཁྱད་ཆོས་དང་། གཏན་འཁེལ། ཆུང་རིགས་བཅས་གཙོ་བོར་གྱུར་ནས་སྐར་མ་རིམ་པའི་ཨར་ཁང་གི་ཁང་པའི་ཡོང་ཁུངས་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་། ཁྲང་ཧྲ་དང་། ཤིས་ཨན། ཧང་ཀྲོའུ། ཁྲེང་ཏུའུ་སོགས་སྐད་གྲགས་ཆེ་བའི་དྲ་ཐོག་གྲོང་ཁྱེར་དང་ཨར་ཁང་གི་ཁྱད་ཆོས་ལྡན་པའི་སྡོད་ཁང་གཅིག་ཀྱང་རག་ཁག་པོ་ཡོད་པ་རེད། རྒྱལ་ཡོངས་ཀྱི་ཡུལ་སྐོར་ལྟ་སྐུལ་དོ་དམ་ཞབས་ཞུའི་སྟེགས་བུའི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར། ལྔ་གཅིག་ཚོགས་པའི་ཡུལ་སྐོར་ཚོགས་པའི་མི་གྲངས་ཆ་སྙོམས14.67ལ་ཟིན་ནས2019ལོ་ལས་བརྒྱ་ཆ25ཉུང་དུ་ཕྱིན་པ་དང་ཚོགས་པ་ཆུང་ངུའི་ཡུལ་སྐོར་འཕེལ་ཕྱོགས་མངོན་གསལ་དོད་པོ་ཡིན་པ་རེད།།

 



  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གི་སློབ་གྲྭ་ཆུང་འབྲིང་6ལ་རྟ་རྩལ་སློབ་ཚན་བཙུགས།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་བརྟག་ཞིབ་གནང་དུ་ཡོང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།