​རྟ་རྒྱུག་བང་རྩལ་འགྲན་བསྡུར་ནས་དཀར་མཛེས་ཁུལ་གྱི་མཛེས་ཉམས་བསྟན།

ལྷ་འཛོམས་ཀྱིས་བསྒྱུར།        2021-05-10

​རྟ་རྒྱུག་བང་རྩལ་འགྲན་བསྡུར་ནས་དཀར་མཛེས་ཁུལ་གྱི་མཛེས་ཉམས་བསྟན།

ད་ལོའི“ལྔ་གཅིག”གུང་སེང་རིང་ལ2021ལོའི་ལི་ཐང་གི་རྒྱལ་སྤྱིའི་རྟ་རྒྱུག་དུས་སྟོན་གྱི་བྱེད་སྒོ་རབ་དང་རིམ་པའི་ཡ་གྱལ་རྟ་རྒྱུག་ཡུལ་སྐོར་བྱེད་སྒོ་མགོ་ཚུགས་ཤིང་། དཀར་མཛེས་ཁུལ་གྱི་ས་གནས་ཁག་ནས་ཡོང་བའི་བོད་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་རྟ་པ90ལྷག་ཙམ་གྱིས་སྒ་ཆས་ལེགས་པར་སྤྲས་པའི་རྟ་མཆོག་བཞོན་ནས་སྙིང་སྟོབས་ཆེར་སྐྱེད་དང་བག་ཕེབས་ངང་ཁྲོམ་གཞུང་དུ་བསྐྱོད་དེ་སྐོར་སྐྱོད་བྱེད་སྒོ་སྤེལ་བ་རེད། ལི་ཐང་རྫོང་གི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་བསྟན་འཛིན་གྱིས་ཀྱང་ཁོའི་རྟ་བཞོན་ནས་སྐོར་སྐྱོད་བྱེད་སྒོར་ཞུགས་དུས་ཡུལ་སྐོར་བ་དང་མང་ཚོགས་མང་པོ་ཞིག་གིས་ཚང་ཁ་ཤིག་ཤིག་གིས་པར་བརྒྱབ་པ་རེད།

ཡུལ་སྐོར་རུ་ཁག་དེ་དབྱར་རྩྭ་དགུན་འབུའི་མགྲོན་ཁང་ནས་ཐོན་ཏེ་དུད་ཚང་སྟོང་ལྡན་གྱི་བོད་རིགས་གྲོང་སྡེ་དང་།མཐུན་སྒྲིལ་ཁྲོམ་ལམ། གེ་སར་ཐང་ཆེན་སོགས་བརྒྱུད་ནས་ལམ་ཐག་སྤྱི་ལེ3ཙམ་ཡོད། ཡུལ་སྐོར་བ་དང་གྲོང་མིར་ཡིད་དབང་འཕྲོག་པའི་རྟ་རྒྱུག་བང་རྩལ་མིག་ལམ་དུ་གསོལ་སྟོན་ཞིག་བཤམས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་ལ“ཀྲུང་གོའི་རྟ་རྒྱུག་རིག་གནས་ཀྱི་ཆོལ་ཁ”ཞེས་པ་མཚན་སྙན་ཐོབ་པ་དང་། གནའ་ནས་རྩེར་སོན་གྱི་རྟ་རྩལ་ལ་བརྟེན་ནས་འཛམ་གླིང་ཀུན་ཏུ་སྐད་གྲགས་འགྲོ་ཡོད། ཐེངས་འདིའི་རྟ་རྒྱུག་ཡུལ་སྐོར་དེའང་ད་ལོའི“ལྔ་གཅིག”གུང་སེང་རིང་ལྟད་མོ་གལ་ཆེན་གྱི་གྲས་ཤིག་རེད།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ལས་འཁྱུར་ངལ་གསོ་བྱེད་མཁན་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:དཀར་མཛེས་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བསྐོ་ཁྱབ་བསྒྲགས་ཚོགས་ཆེན་འཚོགས།
  • དོ་སྣང་ཆེ་བའི་རྩོམ།