ཆུ་ཡི་གྲོང་ཁྱེར་ལ་བལྟས་པ།

        2021-04-16

མཐའ་མེད་སེམས་ཀྱི་གཙང་བོ་རུ།།

བརྩེ་དུང་མེ་ལྕེ་སྦར་ཡང་མཆེད།།

ཡིད་སེམས་མགུ་བའི་ངང་བ་གཉིས།།

ཕྲུ་གུ་དང་བཅས་ཚང་དུ་འགྲོ།།

འདུ་འཛིའི་ལས་ལ་གཡེང་ན་ཡང་།།

འཁོར་བའི་མེ་ཏོག་ཡིད་འོང་སྒྲུབ།།

ལྷ་གཉེན་གྲོགས་སུ་མ་བོས་ཀྱང་།།

ངང་གིས་མཐུན་འདི་ཨེ་མ་མཛེས།།

༼ སད་མ། ༽

  • ལེ་ཚན་སྔོན་མ།:འདམ་གྱིས་མ་གོས་པའི་འདམ་སྐྱེས།
  • ལེ་ཚན་རྗེས་མ།:རྣམ་རྟོག་གི་རླུང་།