ཞི་ཅིན་ཕིང་གི་དགོངས་པའི་ནང་དོན་ཁོངས་གཏོགས།

        2021-04-15

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་ཁོངས་གཏོགས།   

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་མ་ལག་ནང་འདུས་པའི་ཁོངས་གཏོགས་དཔེར་ན། “གསལ་པོ་བྱ་དགོས་པ་བརྒྱད་དང་རྒྱུན་འཁྱོངས་བྱ་དགོས་པ་བཅུ་བཞི”བཅས་རེད། 

    གསལ་པོ་བྱ་དགོས་པ་བརྒྱད་ནི། གཅིག  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་རྒྱུ་གསལ་པོ་བྱ་དགོས། གཉིས། དུས་རབས་གསར་པར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ལ་ལེགས་བབ་མིན་པའི་འཕེལ་རྒྱས་བར་གྱི་འགལ་ཟླ་ཡིན་པ་གསལ་པོ་བྱ་དགོས།གསུམ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱི་ཡོངས་ཀྱི་གནས་བབ“ཕྱོགས་ལྔ་གཞི་གཅིག”དང་འཐབ་ཇུས་གནས་བབ་ནི“ཁྱོན་ཡོངས་བཞི”ཡིན་པ་དང་“གདེང་ཚོད་བཞི”ནན་བཤད་བྱས་པ་གསལ་པོ་བྱ་དགོས།བཞི། ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་བྱས་པའི་སྤྱི་ཡོངས་ཀྱི་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་བ་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ནུས་དེང་རབས་ཅུན་དུ་སྐུལ་འདེད་གཏང་རྒྱུ་གསལ་པོ་བྱ་དགོས། ལྔ། ཁྱོན་ཡོངས་ནས་བཅའ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་སྤྱི་ཡོངས་ཀྱི་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་གསལ་པོ་བྱ་དགོས། དྲུག   ཏང་གི་དུས་རབས་གསར་པའི་དམག་ཤུགས་ཆེ་སྐྱེད་བྱ་རྒྱུའི་དམིགས་ཡུལ་ནི་ཏང་གི་བཀའ་ལ་ཉན། དམག་འཐབ་ལས་རྒྱལ་ཐུབ་པ། སྤྱོད་པ་གཙང་བའི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱས་ནས་མི་དམངས་དམག་དཔུང་འདི་འཛམ་གླིང་གི་རིམ་གྲས་དང་པོའི་དམག་དཔུང་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུ་གསལ་པོ་བྱ་དགོས། བདུན། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་རྣམ་པ་གསར་པའི་རྒྱལ་སྤྱི་འབྲེལ་བ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས་འགྲོ་བ་མིའི་ཐུན་མོང་གི་ལས་སྐལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ་གསལ་པོ་བྱ་དགོས། བརྒྱད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རང་གཤིས་ཀྱི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་ལེགས་བབ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ་གསལ་པོ་བྱ་དགོས། 

 “རྒྱུན་འཁྱོངས་བྱ་དགོས་པ་བཅུ་བཞི“ནི། གཅིག   ཏང་གིས་ལས་དོན་མཐའ་དག་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། གཉིས། མི་དམངས་གཙོ་གནད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།གསུམ། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཞི། འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱ་དགོས། ལྔ། མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱ་དགོས། དྲུག   ཁྱོན་ཡོངས་ནས་བཅའ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བདུན། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་གཙོ་བོའི་ཁོངས་གཏོགས་རྒྱུན་འཁྱོངས་བྱ་དགོས། བརྒྱད། འཕེལ་རྒྱས་གཏོང་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུན་འཁྱོངས་བྱ་དགོས། དགུ།  འགྲོ་བ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱ་དགོས། བཅུ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་རྒྱུན་འཁྱོངས་བྱ་དགོས། བཅུ་གཅིག  ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཅུ་གཉིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཅུ་གསུམ། འགྲོ་བ་མིའི་ཐུན་མོང་གི་ལས་སྐལ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཅུ་བཞི། ཁྱོན་ཡོངས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་བཅས་རེད།། 


ཡེ་ཤེས་མགོན་པོས་བསྒྱུར།


  • ལེ་ཚན་སྔོན་མ།:ཏེང་ཞའོ་ཕིང་གི་ལྷོ་སྐྱོད་གསུང་བཤད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།