ཏེང་ཞའོ་ཕིང་གི་ལྷོ་སྐྱོད་གསུང་བཤད།

        2021-04-15

    1992ལོའི་སྤྱི་ཟླ་དང་པོའི་ཚེས18ཉིན་ནས་སྤྱི་ཟླ2པའི་ཚེས21ཉིན་བར། ཏེང་ཞའོ་ཕིང་སྔོན་རྗེས་སུ་ཝུའུ་ཁྲང་དང་སེན་ཀྲེན། ཀྲུའོ་ཧའེ། ཧྲང་ཧའེ་བཅས་སུ་རྟོག་ཞིབ་མཛད་སྐབས་གསུང་བཤད་གལ་ཆེན་གནང་བ་རེད།  

    གསུང་བཤད་གནང་སྐབས་མི་ཚོའི་བསམ་བློའི་ནང་ཡོངས་ཁྱབ་ཏུ་གནས་པའི་དོགས་གནད་ལ་གཞིགས་ནས་བཅོས་བསྒྱུར་ཟབ་ཏུ་སྤེལ་ཏེ་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུའི་དགོས་ངེས་རང་བཞིན་དང་གལ་ཆེའི་རང་བཞིན་བསྐྱར་སྒྲོག་གནང་བས་མ་ཚད། ཀྲུང་གོའི་དོན་དངོས་ལ་གཞིགས་པ་དང་དུས་རབས་ཀྱི་མཐོ་ཚད་ཐོག་ལངས་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཅུ་ལྷག་རིང་གི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་མཛད་པ་རེད། གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པའི་ཐོག་ལྟ་ཚུལ་གསར་པ་བཏོན་པ་དང་བསམ་ཕྱོགས་གསར་པ་རྒྱས་བཤད་མཛད་པ། ལྟ་ཚུལ་གསར་པ་བཏོད་ནས་གལ་ཆེའི་ཚད་བརྒལ་གསར་པ་ཡོད་པར་བརྟེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་མདུན་ཕྱོགས་སུ་སྐུལ་འདེད་ཆེས་ཆེར་བཏང་བ་ནི་ཀྲུང་གོ་བཅོས་བསྒྱུར་དུས་རིམ་གསར་པའི་ནང་འཇུག་པའི་མཚོན་ཚུལ་རེད།།༼ཡེ་མགོན་གྱིས་བསྒྱུར།༽


  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་དགོངས་པའི་ནང་དོན་ཁོངས་གཏོགས།
  • དོ་སྣང་ཆེ་བའི་རྩོམ།