ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།

        2021-04-14

1.བསམ་བློའི་རྨང་གཞི།1917ལོའི་ཨུ་རུ་སུའི་ཟླ་བ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་སྐྱེལ་ཡོང་བ་དང་།མར་ཁེ་སི་ལེ་ཉིན་རིང་ལུགས་ཀྲུང་གོར་རྒྱ་ཁྱབ་ཏུ་སྤེལ་བས་ཀྲུང་གོ་གུང་ཁྲན་ཏང་འཛུགས་པར་བསམ་བློའི་རྨང་གཞི་བཏིང་ཡོད།

གཉིས།གྲལ་རིམ་གྱི་རྨང་གཞི།1919ལོར་བསླེབས་དུས།ཀྲུང་གོའི་ཐོན་ལས་བཟོ་པ་ཁྲི200ཡས་མས་སུ་འཕེལ་རྒྱས་བྱུང་བ་དང་།མཚོ་རྒྱུད་གཙང་རྒྱུད་ཀྱི་གྲོང་ཁྱེར་ཆེན་པོ་རུ་གཅིག་བསྡུས་བྱས་ཏེ།གསར་དར་གྱི་སྤྱི་ཚོགས་སྟོབས་ཤུགས་སུ་གྱུར་ཡོད།གཞན་ད་དུང་ལག་ཤེས་བཟོ་ལས་ཀྱི་བཟོ་པ་ཁྲི1000ལྷག་ཡོད། འབྱོར་མེད་གྲལ་རིམ་བྱུང་བ་དང་འཕེལ་རྒྱས་བྱུང་བ་དེས་ཀྲུང་གོ་གུང་ཁྲན་ཏང་འཛུགས་པར་གྲལ་རིམ་གྱི་རྨང་གཞི་བཏིང་ཡོད།

3.རྩ་འཛུགས་ཀྱི་རྨང་གཞི།ས་གནས་སོ་སོའི་གུང་ཁྲན་ཏང་གི་ཐོག་མའི་རྩ་འཛུགས་བཙུགས་པ་དེས་ཀྲུང་གོ་གུང་ཁྲན་ཏང་འཛུགས་པར་རྩ་འཛུགས་ཀྱི་རྨང་གཞི་བཏིང་།

4.ཕྱི་ཕྱོགས་ཀྱི་ཆ་རྐྱེན།གུང་ཁྲན་རྒྱལ་སྤྱིའི་རོགས་རམ་སྐོར། 1920ལོའི་ཟླ་བ4པའི་བར།ཨེ་གུང་(པུའུ)ཞི་པོ་ལི་ཡ་ཅུས་ཀྱིས་ཝེ་ཅིང་སི་ཅི་སོགས་དང་བཅས་པ་ཀྲུང་གོར་མངགས་ནས་སྔ་རྗེས་སུ་ལི་ཏ་ཀྲའོ་དང་ཁྲེན་ཏུའུ་ཞིའུ་དང་ཐུག་འཕྲད་བྱས་ཏེ།མཉམ་དུ་ཏང་འཛུགས་པའི་གནད་དོན་ལ་གྲོས་བསྡུར་བྱས་པས།ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་བྱེད་པར་སྐུལ་འདེད་བྱས། 1921ལོའི་སྤྱི་ཟླ6པར།གུང་ཁྲན་རྒྱལ་སྤྱིས་མ་ལིན་སོགས་ཧྲང་ཧའེ་ལ་མངགས། ཁོ་ཚོས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བསྡུས་ནས་དངོས་སུ་ཀྲུང་གོ་གུང་ཁྲན་ཏང་འཛུགས་དགོས་པའི་གྲོས་གཞི་བཏོན།


  • ལེ་ཚན་སྔོན་མ།:ཀོང་པོའི་ལོ་གསར།
  • ལེ་ཚན་རྗེས་མ།:ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་དེའི་རླབས་ཆེའི་ལོ་རྒྱུས་དོན་སྙིང་།
  • དོ་སྣང་ཆེ་བའི་རྩོམ།