ཞའོ་ཡིའུ་ཚའེ་ཡིས་བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་གི“སྤྱི་ཟླ4པའི་ཚེས8” ཉིན་གྱི་མེ་གསོད་ལས་གནས་དང་པོར་བཀོད་འདོམས་མཛུབ་སྟོན་གནང་སྐབས།

        2021-04-14

སྤྱི་ཟླ4པའི་ཚེས8ཉིན། བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་གི་རྫོང་མགོ་གྲོང་སྡེར་གློ་བུར་དུ་ནགས་ཚལ་མེ་སྐྱོན་བྱུང་བ་རེད། གནོད་འཚེ་བྱུང་རྗེས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་མཐོང་ཆེན་བླ་ན་མེད་པ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧང་ཆང་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཞིང་དཔོན་གཞོན་པ། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ལུའོ་ཝུན་སོགས་ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་སྔོན་རྗེས་སུ་ཆོག་མཆན་མཛུབ་སྟོན་གནང་བ་རེད། ཞིང་ཆེན་མགོ་ཁྲིད་ཀྱི་ཆོག་མཆན་མཛུབ་སྟོན་གྱི་བླང་བྱ་དང་། ཁུལ་ཨུ། ཁུལ་སྲིད་གཞུང་གིས་བཀོད་སྒྲིག་ལྟར། ཁུལ་ཨུའི་ཧྲའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཞའོ་ཡིའུ་ཚའེ་ཡིས་ལས་སྒྲུབ་ཚོགས་ཆུང་སྣེ་ཁྲིད་བྱས་ཏེ། འཕྲལ་དུ་མེ་སྐྱོན་བྱུང་སའི་ལས་གནས་དང་པོར་ཕྱིན་ནས་ཡུལ་དངོས་སུ་མེ་གསོད་ལས་ཀར་བཀོད་འདོམས་བྱས་པ་རེད། ཁོང་གིས་བརྒྱད་ཟིལ་རྫོང་གི“མི་དམངས་གོང་བཀུར་དང་ཚེ་སྲོག་གོང་བཀུར”གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་དང་ཁུལ་རིམ་པའི་མགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས་པ་དང་། མི་དམངས་མང་ཚོགས་དང་མེ་གསོད་མི་སྣའི་ཚེ་སྲོག་ཉེན་མེད་ཡོང་རྒྱུ་འདི་ཨང་དང་པོར་བཞག་ནས་ཕྱོགས་བསྡུས་ཀྱིས་ཞིབ་དཔྱད་མེ་སྐྱོན་བྱུང་སའི་གནས་བབ་དང་གནམ་གཤིས་ཀྱི་ཆ་རྐྱེན། ཚན་རིག་དང་མཐུན་པར་བཀོད་འདོམས་དང་ཚན་རིག་དང་མཐུན་པར་མེ་གསོད་བཅས་བྱས་ཏེ།ནུས་ཤུགས་ཡོད་རྒུས་འབར་ཚུལ་ཚོད་འཛིན་བྱས་ནས་མེ་ར་སྔ་གསོད་དང་ཆུང་གསོད། རྩད་གསོད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་གིས“སྤྱི་ཟླ4པའི་ཚེས8”ཉིན་གྱི་ནགས་ཚལ་མེ་གསོད་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། སྤྱི་ཟླ4པའི་ཚེས10ཉིན། བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་གིས“སྤྱི་ཟླ4པའི་ཚེས8” ཉིན་གྱི་ནགས་ཚལ་མེ་འགོག་མེ་གསོད་བཀོད་འདོམས་པུའུ་གཅིག་གྱུར་བཀོད་སྒྲིག་ཁུལ་ནགས་ཚལ་མེ་འགོག་མེ་གསོད་ཆེད་ལས་རུ་ཁག་དང་། དར་མདོ་གྲོང་ཁྱེར་ཆེད་ལས་མེ་གསོད་རུ་ཁག་ཁག་བགོས་ནས་མེ་སྐྱོན་བྱུང་ཡུལ་དེད་ནས་བྱང་ཐིག་གི་ལམ་དང་པོའི་གྲོག་རོང་དང་། མེ་སྐྱོན་བྱུང་ཡུལ་གྱི་ལྷོ་ཐིག་གི་ལམ། འོག་ནས་སྟེང་ལ་རིམ་བཞིན་རྒྱུན་མཐུད་བྱེད་ཐབས་སྤྱད་དེ། ཆུ་འཐེན་འཕྲུལ་འཁོར་ཁྱོན་བསྡོམས34སྒྲིག་བཀོད་བྱས་པ་དང་། ཆུ་སྦུག་སྨི3060བཏིང་ནས་སྐབས་བསྟུན་དུ་ཆུ་སྤྱད་དེ་མེ་གསོད་བྱས་པ་རེད། ཁུལ་ནགས་ཚལ་མེ་གསོད་ཡན་ལག་རུ་ཁག་རྟའུ་རུ་ཁག་ཆེན་པོའི་མི93དང་། བརྒྱད་ཟིལ། དར་མདོ། ཉག་ཆུ་བཅས་ཀྱི་ཆེད་ལས་མེ་གསོད་རུ་ཁག་གི་མི177 བརྒྱད་ཟིལ་རྫོང་གི་ཆེད་ལས་ཕྱེད་ཙམ་གྱི་མེ་གསོད་རུ་ཁག་གི་མི125མེ་གསོད་སའི་ནང་ཞུགས་ཡོད།དེ་དང་ཆབས་ཅིག་ལྷོ་ནུབ་མཁའ་སྐྱོད་ནགས་སྲུང་ས་ཚུགས་ཀྱིས་ཁྱོན་བསྡོམས་ཐད་འཕུར་གནམ་གྲུ་ཐེངས7བཏང་ནས་འདེགས་ཟོལ43ལས་སྒྲུབ་བྱས་ཏེ་མེ་མཆེད་བཀག་འགོག་ནུས་ལྡན་བྱས་པ་རེད།།

(བདེ་སྐྱིད་ཀྱིས་བསྐྱུར།)


  • ལེ་ཚན་སྔོན་མ།:བརྗིད་ཆགས་འུ་ལག་རི་བོ་ནས་ཐོས་པའི་འཕྲིན་བཟང་གི་གླུ་གསར།
  • ལེ་ཚན་རྗེས་མ།:ཁྱིམ་སྒོ་ཁའི་ཏང་གི་ལོ་རྒྱུས་ཀྱི་ཐོན་ཁུངས་ལ་གསོན་ཤུགས་སྣོན་དུ་འཇུག
  • དོ་སྣང་ཆེ་བའི་རྩོམ།