“54321”ལས་ཀའི་བྱེད་ཐབས་དམིགས་སུ་ཐོན་པ་བྱས་ནས་ མེ་འགོག་གྱང་རགས་བརྟན་དུ་བཏང་།

ཀུན་དགས་བསྒྱུར།        2021-04-12

ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་སུང་ཞའོ་ཅུན་ལ་བཅར་འདྲི་ཞུས་པ།

ལྕགས་ཟམ་རྫོང་གི་ནགས་ཚལ་རྩྭ་ཐང་ཁྱབ་ཚད་བརྒྱ་ཆ73.53ལ་ཟིན་ཞིང་།དེ་ནི་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་དཔེ་སྟོན་རྫོང་དང་དེང་རབས་ནགས་ལས་གཙོ་གནད་རྫོང་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མེ་སྐྱོན་འགན་བཅོལ་གཙོ་གནད་རྫོང་ཞིག་ཀྱང་ཡིན་པ་རེད། ན་ནིང་ལོའི་དགུན་ཁ་དང་ད་ལོའི་དཔྱིད་ཀར་ལྕགས་ཟམ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཏེ་ནགས་ཚལ་དང་རྩྭ་ཐང་དུ“མེ་སྐྱོན་གང་ཡང་མི་ཐོན་པའི”སྔོན་འགོག་ཚོད་འཛིན་གྱི་དམིགས་ཡུལ་མངོན་འགྱུར་ཡོང་བའི་ཐད་གསར་འགོད་པས་ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་སུང་ཞའོ་ཅུན་ལ་ཆེད་དོན་བཅར་འདྲི་ཞུས་པ་རེད།

གསར་འགོད་པས་ལྕགས་ཟམ་རྫོང་གི་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་གང་ཡང་བྱུང་མེད་པའི་ལས་དོན་ཇི་ལྟར་བསྒྲུབ་ཡོད།

སུང་ཞའོ་ཅུན་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་མཐོང་ཆེན་བླ་ན་མེད་པར་བྱས་ནས་མང་ཚོགས་ཉེན་མེད་ཡོང་བ་དང་རི་སྔོན་ཆུ་དྭངས་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། གཅིག་ནས་བཀོད་སྒྲིག་གནད་དུ་འཁེལ་དང་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ།ལྟ་སྐུལ་ཞིབ་བཤེར་བཅས་བྱས་ཏེ་གསུམ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། གཉིས་ནས་ནགས་ཁུལ་ཁེ་ལས་ཀྱི་ཐོན་སྐྱེད་ཐད་མེ་སྤྱོད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་པ་དང་།ཕྱི་རོལ་དུ་མེ་སྤྱོད་པར་སྔོན་འགོག་ནན་པོ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ།ཡ་རབས་ངང་མཆོད་འབུལ་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་བྱ་སྤྱོད་སྤེལ་ནས་བྱ་སྤྱོད་ཁག་གསུམ་ལག་ལེན་བསྟར་ཡོད། གསུམ་ནས་རྩ་འཛུགས་མ་ལག་འཛུགས་སྐྱོང་འཐུས་ཚང་དུ་བཏང་བ་དང་དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་ཚང་དུ་བཏང་བ། དཔྱད་ཞིབ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལམ་སྲོལ་གསུམ་འཐུས་ཚང་དུ་བཏང་ཡོད།བཞི་ནས་དངོས་པོ་གྲབས་གསོག་འགན་ལེན་དང་འགྲོ་གྲོན་སྔོན་རྩིས་འགན་ལེན།འཕྲལ་སྡོམ་བཀོད་སྒྲིག་འགན་ལེན་བཅས་བྱས་ནས་འགན་ལེན་གསུམ་དོན་འཁྱོལ་ཡོང་བར་བྱས་ཡོད།ལྔ་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་བཤད།

གསར་འགོད་པས་ལྕགས་ཟམ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་སྤེལ་བར་བྱེད་ཐབས་གང་དག་བཏོན།

སུང་ཞའོ་ཅུན་གྱིས་ང་ཚོས“54321”ལས་ཀ་བྱེད་སྟངས་མངོན་གསལ་དོད་པོ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གྱང་རགས་བརྟན་དུ་བཏང་ཡོད་པ་སྟེ།

གཅིག་ནས་དུས་མཚམས་ལྔ་འབུར་ཐོན་ཡོང་བ་བྱས། ལུགས་རྙིང་ལོ་གསར་དང་།དུར་མཆོད་དུས་ཚིགས།དཔྱིད་རྨོས་གྲ་སྒྲིག་གི་དུས་ཚོད།གཉེན་སྒྲིག་དང་འདས་མཆོད་དམིགས་བསལ་དུས་ཚོད།“ལྔ་གཅིག”“རྒྱལ་སྟོན་དུས་ཆེན”གྱི་གུང་སེང་དུས་སྐབས་སུ་ནགས་ཚལ་རྩྭ་ཐང་གི་མེ་གསོད་འགག་སྒོ་ནན་པོ་སྲུང་ནས“རེ་ཞུ་དང་ཞིབ་བཤེར་ཆོག་མཆན།གཏའ་དངུལ་སྐྱེལ་བ།ཆེད་བསྐོས་མི་སྣས་དོ་དམ།མིང་རྟགས་བཀོད་ནས་ཞིབ་བཤེར་རྩིས་ལེན”བཅས་ཀྱི་མེ་སྤྱོད་གོ་རིམ་ལག་བསྟར་ནན་པོ་བྱས་ཡོད།

གཉིས་ནི“རིམ་པ་བཞིའི་ལམ་སྲོལ”བཙུགས། “རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཡུལ་གྲོང་དུ་འགན་འཁྲི་གཏན་འཁེལ་བྱས་པ་དང་ཡུལ་གྲོང་གིས་གྲོང་སྡེར་འགན་འཁྲི་གཏན་འཁེལ་བྱས་པ། ཁེ་ལས་དང་དོན་ལས་སྡེ་ཚན་གྱི་ཏང་ཀྲི་པུའུ་ཡིས་གྲོང་སྡེ་དང་དུད་ཚང་ལ་འགན་འཁྲི་གཏན་འཁེལ་བྱས་པ། ཡུལ་གྲོང་ཁག་གི་ཏང་ཨུས་གྲོང་སྡེ་དང་དུད་ཚང་ལ་འགན་འཁྲི་གཏན་འཁེལ་བྱས་པ། རོགས་རེས་གཉེན་འཚོལ་ལས་བྱེད་པས་དུད་ཚང་དང་གྲོང་མིར་འགན་འཁྲི་གཏན་འཁེལ་བཅས་བྱས་ཏེ་རྫོང་དང་ཡུལ་ཤོག གྲོང་སྡེ།དུད་ཚང་བཅས་རིམ་པ་བཞིའི་འགན་འཁྲིའི་ལམ་སྲོལ་བཙུགས་ཡོད། རྫོང་རིམ་པའི་འབྲེལ་གཏུག་མགོ་ཁྲིད་ཀྱིས་ཡུལ་གྲོང་དང་གྲོང་སྡེའི་ཚོ་ཆུང་དང་འབྲེལ་བ་གཏིང་ཟབ་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་དང་སྒྲོག་འགྲེལ་བྱས་པ་དང་།རྫོང་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས།དོན་ལས་སྡེ་ཚན་གྱི་ཏང་ཀྲི་པུའུ་ཡིས་མཉམ་སྐྲུན་གྲོང་སྡེ་ཡོངས་ལ་ཁྱབ་པའི་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐག་གཅོད་བྱས་པ།རྫོང་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས། དོན་ལས་སྡེ་ཚན་གྱི་ལས་བྱེད་པ་ལས་བཟོས་རོགས་རེས་གཉེན་ཉེའི་ཁྱིམ་དུ་བསྐྱོད་ནས་གནས་ཚུལ་རྒྱུས་ལོན་བྱས་དང་བྱེད་བཞིན་ཡོད།

གསུམ་ནས“འགན་ལེན་གསུམ་གྱི་འགན་འཁྲི”དོན་འཁྱོལ་བྱས། “དྲ་མིག་ཅན་གྱི་དོ་དམ”ལག་ལེན་བསྟར་ནས་རྫོང་ཡོངས་ཀྱི་མི1202ལ“མི་སྣ་རིགས་བདུན”དང“གཅིག་གཏད་གཅིག”གི་དོ་དམ་ཚོད་འཛིན་ལམ་ལུགས་བཙུགས་ཏེ་ཡུལ་གྲོང7དུ་དྲ་མིག་ཅན་གྱི་དོ་དམ་ཚོད་འཛིན་དྲ་བ་ཆུང་གྲས535ལ་ཕྱེ་ནས་དོ་དམ་འགན་ལེན་བྱ་རྒྱུར་བྱས་ནས་སྐྱེ་ཁམས་ནགས་ཚལ་སྲུང་བ་དང་རྩྭ་ཐང་དོ་དམ་པར་གདན་ཞུ་བྱས་ནས་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ཁོངས་མིར“དྲ་མིག་ཅན་གྱི་སྐོར་བཤེར”བྱས་པ་རེད། ནགས་ཁུལ་གྱི་འགག་སྒོ25བཙུགས་ནས་མེའི་འབྱུང་ཁུངས་དང་འབར་སླ་བ་དང་གས་ཐོར་ཡོང་སླ་བའི་དངོས་པོ་ནགས་ཁུལ་དུ་འདྲེན་རྒྱུ་གཏན་འགོག་བྱས་ནས་འགན་འཁྲི་དོན་འཁྱོལ་མཐར་ཕྱིན་བྱས་ཡོད།

བཞི་ནི“རིམ་པ་གཉིས་ཀྱི་ལྟ་སྐུལ་ཞིབ་བཤེར”དོན་འཁྱོལ་བྱས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་བཙུགས་ནས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་སྐོར་ཞིབ་བྱས་ཤིང་། ཡུལ་ཤོག་དང་གྲོང་རྡལ་ཁག་གི་སྒྲིག་ཨུས་སྣེ་འཁྲིད་དེ་སྲིད་འཛིན་གྲོང་སྡེ76ལ་ཁྱོན་ཡོངས་ནས་ཁྱབ་པའི་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན།རང་སྐྱོང་ལྗོངས།རྫོང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱས་ཡོད།

ལྔ་ནི“དམིགས་ཡུལ་གཅིག་ལ”དམིགས་པ། རྫོང་ཡོངས་ཀྱི“མེ་སྐྱོན་མེད་པའི་གནས་ཚུལ”ལ་དམིགས་པ་དང་།མིས་བཟོས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་མི་ཐོན་པ་འགན་ལེན་བྱེད་པ།མི་སྣ་ཤི་རྨས་ཚབས་ཆེན་མི་ཐོན་པའི་འགན་ལེན་བྱེད་པ་བཅས་ཀྱི་དམིགས་ཡུལ་ལ་དམིགས་ནས“མཐའ་གཅིག་བཞི”དང“དངུལ་ཆད་དང་སྐྱིན་ཚབ་ཟུང་དུ་འབྲེལ་བ། ཆད་གཅོད་དང་སྐྱོན་ཞིབ་ཟུང་དུ་འབྲེལ་བའི”འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་དང“ལྷོད་གཡེང་མི་གཏོང་བའི”རྩ་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཡོད་ཅེས་བཤད་པ་རེད།

གསར་འགོད་པས་ཕྱིན་ཆད་ལས་དོན་ཐད་བཀོད་སྒྲིག་གང་དག་ཡོད།

སུང་ཞའོ་ཅུན་གྱིས་ང་ཚོས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མུ་མཐུད་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་ནུས་དང་མེ་གསོད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་།ཨར་ལས་སྐྲུན་ཡུལ་གྱི་གློག་སྤྱོད་མེ་སྤྱོད་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ།དུས་མཚམས་གལ་ཆེན་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ།རིག་ནུས་སྐོར་གཡེང་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།ཆ་འཕྲིན་འབུལ་བའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ།འགན་འཁྲི་ནན་དུ་གཏོང་བ།ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་ནས་མགོ་བཙུགས་ཏེ་རང་འགན་གཙང་སྒྲུབ་ནན་ཏན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཞིང་པའི་དཔེ་མཛོད་ཁང་ཞིང་པ་ཕྱུག་འགྱུར་གྱི“སྣུམ་སྣོན་ས་ཚུགས”སུ་གྱུར།
  • ལེ་ཚན་རྗེས་མ།:ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དྲ་བ་དམ་ཚགས་བཟོས།
  • དོ་སྣང་ཆེ་བའི་རྩོམ།