ཞིང་པའི་དཔེ་མཛོད་ཁང་ཞིང་པ་ཕྱུག་འགྱུར་གྱི“སྣུམ་སྣོན་ས་ཚུགས”སུ་གྱུར།

བདེ་སྐྱིད་ཀྱིས་བྲིས།        2021-04-12

ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་གིས“གྲོང་སྡེ་ཚང་མར་དཔེ་མཛོད་ཁང་ཡོད་པ་དང་། དུད་ཚང་ཚང་མར་དཔེ་དེབ་བཀླག་རྒྱུ་ཡོད་པ”འདི་དམིགས་ཡུལ་བྱས་ཏེ། མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་ཇེ་དྲག་ཏུ་བཏང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་ཕྱུག་འགྱུར་ནང་སྐྱེས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་བ་རེད། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ57གྱི་ཞིང་པའི་དཔེ་མཛོད་ཁང་གི་རིམ་པ་སྤར་བ་དང་དཔེ་ཆ་ལེགས་འགྱུར། ལམ་སྲོལ་འཐུས་ཚང་དུ་བཏང་ནས་མང་ཚོགས་ལ་སྟབས་བདེར་བཟོས་པ་དང་ཆབས་ཅིག བྱེད་སྒོ་སྤེལ་ནས་མང་ཚོགས་ལ་ཁྲིད་སྟོན་བཅས་བྱས་ནས། མང་ཚོགས་ལ་ཞིང་པའི་དཔེ་མཛོད་ཁང་གི་ཕན་པ་དངོས་ཉམས་སུ་མྱོང་དུ་བཅུག་པ་རེད།

དཔེ་ཆ་ནི་གྲོང་མིའི་འཚོ་བའི་ཁྲོད་དར་སྲོལ་གསར་པར་གྱུར།

“སྔོན་ཆད་གྲོང་མི་ཚོས་ལས་ཀ་མེད་ན། གྲོང་སྡེར་གང་བྱུང་དུ་ཉུལ་ཞིང་ཆང་རག་བཏུངས་བ་དང་རྒྱན་འཇོག་པ། སྐད་ཆ་གང་བྱུང་དུ་ཤོད་པ་བཅས་བྱེད་ཀྱི་ཡོད” རིག་གནས་མེད་པའི་རྐྱེན་གྱིས་གྲོང་མིའི་ཡོངས་ཁྱབ་ཀྱི་བྱང་ཚད་མཐོན་པོ་མེད་པ་རེད། ཁྱིམ་མཚེས་བར་རྒྱུན་དུ་རྩོད་གཞི་བྱུང་ན་གྲོང་སྡེའི་ལས་བྱེད་པར་འདུམ་འགྲིག་བྱེད་དཀའ་པོ་ཡིན་པས། རྗེས་སུ་གྲོང་སྡེར་ཞིང་པའི་དཔེ་མཛོད་ཁང་འཛུགས་ནས་གནས་ཚུལ་དེ་རིམ་བཞིན་ཇེ་བཟང་དུ་ཕྱིན་པ་རེད།” གྲོང་སྡེ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་བསྟན་འདས་དོན་ལ་ཕྱིར་དྲན་བྱེད་དུས་རྒྱུན་དུ་འདི་ལྟར་བཤད་པ་རེད།

དང་ཐོག་ཞིང་པའི་དཔེ་མཛོད་ཁང་ནང་གི་དཔེ་དེབ་ཉུང་བར་མ་ཟད་སྣ་ཁ་རྐྱང་པ་ཡིན་པས། གྲོང་སྡེའི“ཨུ་ལྷན་གཉིས”ཀྱིས་གཅིག་བསྡོམས་བྱས་ནས་ལོ་རྒྱུས་དང་ཕྱུག་འགྱུར། རོལ་རྩེད་སྣ་ཚོགས་ཀྱི་དཔེ་ཆ་ནང་འདྲེན་བྱེད་པར་མ་ཟད། ད་དུང་ཇ་དང་སྤྲོ་ལྡན་བཤད་སྟེགས། རིག་རྩལ་ཟློས་གར་སོགས་ཞབས་ཞུ་སྣ་ཚོགས་འདོན་སྤྲོད་དང་ལས་བྱེད་པས་སྣེ་ཁྲིད་བྱས་ཏེ། དཔེ་ཆ་ཀློག་མཁན་གྲོང་མི་རེ་བཞིན་མང་དུ་ཕྱིན་པ་རེད།

དཔེ་ཀློག་གིས་གྲོང་མིར་བསམ་བློའི་སྣེ་ཁྲིད་བྱེད་བཞིན་ཡོད།

སྔོན་ཆད་རིག་གནས་དང་ཤེས་བྱ་མེད་པས། གྲོང་མི་ཚོས་ཕན་ཚན་སྐད་ཆ་བཤད་དུས་ཡ་རབས་མེད་པ། མི་དང་བྱ་བ་སྒྲུབ་དུས་ཀྱང་གུས་ཞབས་མི་བྱེད་པ། བྱ་བ་གང་ཡང་རྒྱུས་མི་ལོན་པ་ཐ་ན་མ་མཐའ་ཡང་རྒྱུན་ཤེས་མི་གོ དཔེ་མཛོད་ཁང་བཙུགས་པ་ནས་བཟང་། གྲོང་མི་ཚོའི་བྱང་ཚད་མཐོ་རུ་ཕྱིན་པ་དང་བྱེད་སྒོར་ཞུགས་པའི་གྲོང་མི་མང་པོ་ཡོད་པ། གྲོང་སྡེའི་རྣམ་པ་ཡང་ལེགས་པོ་གྱུར་པ་རེད།

ཞིང་པའི་དཔེ་མཛོད་ཁང་གིས་གྲོང་མི་ཕྱུག་འགྱུར་ལམ་དུ་བསྐྱོད་རོགས་བྱས།

གྲོང་མིའི་དགོས་མཁོ་ལ་དམིགས་པ་དང་ཞིང་པའི་དཔེ་མཛོད་ཁང་ལ་བརྟེན་ནས། ཞིང་འབྲོག་པ་གཟའ་ཉི་མ་དང་མང་ཚོགས་མཚན་མོའི་སློབ་གྲྭ དཔེ་ཀློག་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་དུས་ས་གནས་དེ་གའི་ཞིང་ལས་ཆེད་རམས་པ་གདན་འདྲེན་ཞུ་ནས་གྲོང་མིར་ཡུལ་དངོས་སུ་ཞིང་ལས་ལག་རྩལ་གྱི་ཤེས་བྱ་འཁྲིད་ནས། ཞིང་ལས་ལག་རྩལ་དང་ཤེས་བྱ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ། ཞིང་པའི་ཕྱུག་འགྱར་གྱི་ཡིད་ཆེས་ཆེ་རུ་ཕྱིན་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེས་ཐབས་སྣ་ཚོགས་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱས།
  • ལེ་ཚན་རྗེས་མ།:“54321”ལས་ཀའི་བྱེད་ཐབས་དམིགས་སུ་ཐོན་པ་བྱས་ནས་ མེ་འགོག་གྱང་རགས་བརྟན་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།