རང་ཁུལ་གྱིས་བྱེས་ཐབས་སྣ་ཚོགས་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2021-04-12

ཉེ་ཆར། ཉག་རོང་རྫོང་རྒན་གྲས་ལྔའི་དང་བླངས་པ་མི་རྒན་འཇམ་དབྱངས་ཤེས་རབ་དང་ཕུར་པ་རྣམ་གཉིས་ཐག་རིང་ལུང་ཁུག་གི་ཡུར་མདོ་ཡུལ་ཤོག་གི་སློབ་ཆུང་དུ་བསྐྱོད་ནས་དམར་དམག་རྒྱང་སྐྱོད་སྐབས་ཉག་རོང་རྫོང་དུ་བརྒྱུད་སྐབས་ཐོན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་ཉག་རོང་གི་མི་རིགས་ཁག་མཐུན་སྒྲིལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་དམིགས་ཏེ་དགེ་སློབ་ཚོར་རྣམ་པ་གསར་རྐྱང་གི་ཏང་གི་ལོ་རྒྱུས་སློབ་ཚན་ཞིག་ཁྲིད་པ་རེད།

སྤྱི་ཟླ3པའི་ཚེས1ཉིན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་མཇུག་བསྒྲིལ་རྗེས་རང་ཁུལ་གྱིས་འཕྲལ་དུ་ཚོགས་འདུ་འཚོགས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་རེད། སྤྱི་ཟླ3པའི་ཚེས2ཉིན་ལ་ཁུལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ་རེད།

“ད་ཆ་གྲོང་ཚོར་སྒྲོག་འགྲེལ་བྱེད་པར་འགྲོ་དུས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱས་ནས་ཚང་མའི་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་སྤྲོ་སེམས་སྔར་བས་འཕེལ་ཡོད་པ་ཚོར་སྣང་བྱུང”ཅེས་བརྒྱད་ཟིལ་རྫོང་གི་སྒྲོག་འགྲེལ་པ་ཝང་ཁྲང་ཧྲེང་གིས་འདི་ལྟར་བཤད། ཝང་ཁྲང་ཧྲེང་གིས་ལོ38རིང་ནང་སྒྲོག་འགྲེལ་ལས་དོན་སྤེལ་ནས་རྟག་ཏུ་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་དེ་ཉན་སྤྲོ་ལ་གོ་བདེ་བའི་བྱེད་ཐབས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་མང་ཚོགས་ལ་སྒྲོག་འགྲེལ་བྱས་དང་བྱེད་བཞིན་ཡོད་པ་རེད།

ལི་ཐང་རྫོང་སྐད་རིགས་གཉིས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་དཔེ་སྟོན་སློབ་ཆུང་དུ་འགྲོ་སྐབས་ག་ས་གར་མི་རིགས་མཐུན་སྒྲིལ་གྱི་པར་རིས་དང་ཡིག་རིགས་འགྲེམས་པང་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སྦྱར་ཡིག་མཐོང་རྒྱུ་ཡོད་པ་རེད། ལོ་རིམ་བཞི་པའི་འཛིན་གྲྭ་དང་པོའི་ཚོགས་འདུའི་ཐོག་སློབ་མ་བསྟན་འཛིན་ལྷ་རྒྱས་ཀྱིས“བོད་རིགས་གྲོགས་པོ་ཆུང་ཆུང་དང་མི་རིགས་གཞན་དག་གི་གྲོགས་པོ་ཆུང་ཆུང་ནི་ཁྱིམ་ཚང་གཅིག་གི་མི་ཡིན་པས་ཕན་ཚུན་བརྩེ་བ་ཟབ་མོས་མཐུན་སྒྲིལ་བྱ་དགོས”ཞེས་སྐད་ཤུགས་ཆེན་པོས་དེ་ལྟར་བཤད།

ཕྱིན་ཆད་རང་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་ལས་ཁུངས་དང་། སློབ་གྲྭ ཞིང་འབྲོག་ཁུལ། འདུས་སྡེ་ཁུལ། ཁེ་ལས་བཅས་སུ་སྤེལ་ནས་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པའི་དད་སེམས་དང་། ཏང་གི་དྲིན་གཟོ། ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་སྔར་བས་བརྟན་དུ་གཏང་རྒྱུ་རེད།།

  • ལེ་ཚན་སྔོན་མ།:ཧོང་ཆང་གིས་གཡག་རྔ་དང་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་སྐབས་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:ཞིང་པའི་དཔེ་མཛོད་ཁང་ཞིང་པ་ཕྱུག་འགྱུར་གྱི“སྣུམ་སྣོན་ས་ཚུགས”སུ་གྱུར།
  • དོ་སྣང་ཆེ་བའི་རྩོམ།