ཧོང་ཆང་གིས་གཡག་རྔ་དང་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་སྐབས་འདི་ལྟར་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2021-04-12

སྤྱི་ཟླ4པའི་ཚེས4ཉིན་ནས་ཚེས5ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཁུལ་དུ་ཕེབས་ནས་ཡུལ་དངོས་སུ་གསར་བརྗེའི་རིག་གནས་དངོས་པོ་སྲུང་སྐྱོང་བེད་སྤྱོད་དང་། གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་ཚུགས་པའི་ལས་ཀར་སྐུལ་འདེད་དང་ཁྲིད་སྟོན་གནང་བ་རེད།

ཧོང་ཆང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གསར་བརྗེའི་རིག་གནས་དངོས་པོ་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གསར་བརྗེའི་རིག་གནས་དངོས་པོ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ལས་ཀ་དེ་ཉིན་ཐོའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྤྱོད་ལུགས་ཡག་མོ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ། གསར་བརྗེ་དང་ལྗང་མདོག་ཁྱད་ཆོས་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས།

ཧོང་ཆང་གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་ཨན་ཧྲུན་ཁྲང་གྲོང་རྡལ་དུ་ཕེབས་ནས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་དུ་གཟིགས་སྐོར་བྱས་ཏེ།དམར་དམག་གི་རྒྱལ་མོ་རྔུལ་ཆུ་བརྒལ་བའི་དམག་འཐབ་བརྒྱུད་རིམ་ལ་རྒྱུས་ལོན་ཞིབ་ཕྲ་མཛད་པ་རེད། ཁོང་ད་དུང་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ཕེབས་ནས་འབོ་ཞབས་ཀྱི་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་དང་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པར་གཟིགས་སྐོར་གནང་བར་མ་ཟད། ལྕགས་ཟམ་ཟམ་པའི་ཐོག་ཕེབས་ནས་དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པའི་དམག་འཐབ་ཀྱི་དཀའ་ཚེགས་ལ་མྱོང་ཚོར་གནང་བ་དང་དམར་དམག་གི་ལྕགས་ཐག་ཟམ་པ་མྱུར་འཕྲོག་བྱས་པའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་བ་དང་གུས་འདུད་ཞུས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་དད་གུས་ཞུས་པ་དང་འབྲེལ། དམར་དམག་གིས་ལྕགས་ཟམ་ཟམ་པ་མྱར་འཕྲོག་བྱས་པའི་དྲན་གསོ་ཁང་དུ་གཟིགས་སྐོར་ཡང་གནང་བ་རེད། ཁོང་གིས་གསར་བརྗེའི་རིག་གནས་དངོས་པོ་སྲུང་སྐྱོང་ལས་དོན་ཞིབ་ཚགས་ཐོག་ཞིབ་ཚགས་བྱེད་པ་དང་། ཉམས་གསོ་དང་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། འགྲེམས་སྟོན་སྔར་བས་ཚད་ལྡན་དུ་གཏོང་ཞིང་འགག་སྒོ་ནན་པོ་སྲུང་བ་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ཧོང་ཆང་གིས་ད་དུང་ལྕགས་ཟམ་ཆུ་གློག་ས་ཚུགས་སུ་ཏ་དབྱི་ཏ་ཆི་མེན་གྱི་ལས་གྲྭའི་ཆུ་ལེན་བྱ་ཡུལ་བདམས་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་ཕེབས་ནས་ཆུ་གློག་ཆུང་གྲས་གཙང་བཤེར་དང་བཅོས་སྒྲིག་ཇེ་མགྱོགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱས་ཏེ་དབྱི་ཏ་ཆི་མེན་ལས་གྲྭའི་སྔོན་འགྲོའི་ལས་དོན་ཁག་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས་ཆུ་བེད་ལས་གྲྭའི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་དགོས་པའི་ནན་གསུང་གནང་བ་རེད། ཁྲོན་བོད་ལྕགས་ལམ་གྱི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སྐྲུན་ཡུལ་དུ། ཧོང་ཆང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་ལས་གྲྭ་དང་པོར་འབད་འཐབ་བྱེད་པའི་བཟོ་སྐྲུན་འཛུགས་སྐྲུན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་འཚམས་འདྲི་ཞུས་པ་རེད། ཁོང་གིས་ཁྲོན་བོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་གཞི་ཞིག་ཡིན་པས་དོན་སྙིང་གལ་ཆེན་ཡོད་པ། རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཨར་སྐྲུན་ཉེན་མེད་ཡོང་བ་དང་། ལས་གྲྭའི་སྤུས་ཚད། མེ་ཟོན་ལས་དོན་བཅས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤུས་ཚད་མཐོ་བའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར་དང་རྫོང་ཁག་གིས་འབྲེལ་གཏུག་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡༧
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱེས་ཐབས་སྣ་ཚོགས་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱས།
  • དོ་སྣང་ཆེ་བའི་རྩོམ།