ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡༧

ནོར་བུས་བསྒྱུར།        2021-04-08

ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡༧
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ངོ་སྤྲོད་མདོར་བསྡུས།


   2007ལོའི་ཟླ་བ10པའི་ཚེས15ནས21ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་པེ་ཅིང་དུ་འཚོགས། ཚོགས་ཆེན་གྱི་འཐུས་མི་དངོས2213དང་། ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི57གྱིས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི7300ལྷག་གི་ཚབ་ཞུས་ཡོད། ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དྲུག་པའི་ཚབ་ཞུས་ཏེ《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པར་བརྩོན་ལེན་བྱེད་ཕྱིར་འབད་འཐབ་བྱ་དགོས》ཞེས་པའི་སྙན་སྒྲོན་གནང་བ་རེད། ཚོགས་ཆེན་ཐོག་སྙན་སྒྲོན་དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་བཀོད་ཅིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་གསར་པ་བདམས་ཐོན་བྱུང་བ་རེད།

   ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་བརྗོད་བྱ་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སློབ་སྟོན་དུ་འཛིན་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མུ་མཐུད་དེ་བསམ་བློ་བཅིངས་འགྲོལ་དང་། བཅོས་བསྒྱུར་སྒོ་འབྱེད་མཐའ་འཁྱོངས།ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བར་སྐུལ་འདེད། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་འཐོབ་པ་བྱེད་ཆེད་འབད་འཐབ་བྱ་དགོས།

   ཚོགས་ཆེན་ཐོག་དར་ཆ་གང་ཞིག་བསྒྲེང་རྒྱུ་དང་ལམ་གང་ཞིག་ཏུ་བསྐྱོད་རྒྱུའི་རྩ་བའི་གནད་དོན་དེར་ལན་གསལ་པོ་བཏབ་ཡོད། སྙན་སྒྲོན་གྱི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པར་མ་ཟད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་མཆོང་སྐྱོད་ཐེངས་གཉིས་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་སྙིང་བསྡུས་བྱས་ཡོད། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཏོན་པ་དང་རྒྱས་བཤད་གཏིང་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཏང་གི་སྒྲིག་ཡིག་ནང་བཀོད་པ་དེ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་གལ་ཆེན་ཞིག་རེད།

   ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་ཨུ་ཡོན204དང་། རྗེས་སྣོན་ཨུ་ཡོན167བཅས་ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཨུ་ཡོན127ལས་གྲུབ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད།ཟླ10པའི་ཚེས22ཉིན། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་སྐབས་གསར་པ་འདེམས་བསྐོ་བྱས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན25འདེམས་བསྐོ་བྱས། ཧུའུ་ཅིན་ཐའོ། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞི་ཅིན་ཕིང་། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲོའུ་ཡུང་ཁང་བཅས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དུ་འདེམས་བསྐོ་བྱས་པ་དང་། ཞི་ཅིན་ཕིང་དང་། ལིའུ་ཡུན་ཧྲན། ལི་ཡོན་ཁྲའོ། ཧོ་ཡུང་། ལིང་ཅི་ཧྭ། ཝང་ཧུའུ་ཉིང་བཅས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཧུའུ་ཅིན་ཐའོ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རུ་འདེམས་བསྐོ་བྱས། ཧུའུ་ཅིན་ཐའོ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས། ཧོ་གོ་ཆང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རུ་ཆོག་མཆན་བཀོད།

   ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པས་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུའི་བླང་བྱ་གསར་པ་བཏོན་པ་དང་། བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཀྱི་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པར་བརྩོན་ལེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པར་རྩ་བའི་འགན་ལེན་བྱས་པ་རེད།

   ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་གྲུབ་འབྲས་གལ་ཆེན་དག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་ལེགས་སྐྱོང་བྱེད་པའི་ལས་དོན་རླབས་པོ་ཆེ་གསར་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་གལ་འགངས་ཤིན་ཏུ་ཆེ་བའི་སློབ་སྟོན་གྱི་ནུས་པ་དང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

(རྩོམ་ཡིག་འདི་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་བརྩམས་ཤིང་།ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་དང་ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལོ་ངོ་དགུ་བཅུ》(བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ)》ཞེས་པ་དང་།《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།》སོགས་ལས་བཤུས་བསྒྲིགས་བྱས།)


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་འཕང་མདའ་དགོན་པའི་ལྡེབས་རིས།
  • ལེ་ཚན་རྗེས་མ།:ཧོང་ཆང་གིས་གཡག་རྔ་དང་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་སྐབས་འདི་ལྟར་གསུངས།
  • དོ་སྣང་ཆེ་བའི་རྩོམ།