ལི་ཐང་རྫོང་གིས་བསང་མཆོད་འབུལ་སྟངས་ཁྱོན་ཡོངས་ ནས་ལེགས་བཅོས་བྱས།

ཀུན་དགས་བསྒྱུར།        2021-04-07

ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཆེད་དོན་དག་ཐེར་བཅོས་སྐྱོང་གི་ལས་དོན་སྤེལ་བ་ནས་བཟུང་ལི་ཐང་རྫོང་མོ་ལ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི“བསང་གཏོང་བའི”གོམས་གཤིས་ལ་དམིགས་ནས་ཆེད་དོན་དག་ཐེར་བཅོས་སྐྱོང་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་བསང་གཏོང་གཏང་ཡུལ་ཚད་ལྡན་ཅན་བཟོས་པར་སྐུལ་འདེད་ཏན་ཏིག་བཏང་ནས་འབྱུང་རྩ་ནས་མཆོད་འབུལ་དང་མེ་སྤྱོད་པར་དོ་དམ་ཚོད་འཛིན་ཡག་པོ་བྱས་ཡོད་པ་རེད།

གཅིག་ནི་ཉེན་ཁ་གྲལ་བཤེར་བྱས་ནས་བསང་གཏོང་སྟེགས་བུ་ཁག་གི་ཉེན་ཁ་རང་བཞིན་གྲལ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱས་ཏེ་བསང་གཏོང་སྟེགས་བུ་འཛུགས་སྐྲུན་གྱི་ཚད་གཞི་དང་མི་མཐུན་ལ་ཉེན་ཁའི་མངོན་མེད་རྐྱེན་ངན་ལྷག་པའི་བསང་གཏོང་སྟེགས་བུ་གཅིག་སྡུད་ཐོག་དག་ཐེར་བཅོས་སྐྱོང་བྱས་ནས་བསང་བཏང་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཤོར་བར་སྔོན་འགོག་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཉེན་ཁ་དང་དེ་བཞིན་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཉེན་མེད་ཡོང་བར་འགན་ལེན་བྱས་ཡོད་པ་རེད། གཉིས་ནི་ཚན་རིག་དང་མཐུན་པའི་སྒོ་ནས་བསང་གཏོང་སྟེགས་བུ་བསྐྲུན་ནས་ཉེན་མེད་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་མངོན་མེད་རྐྱེན་ངན་མི་ཐོན་པ་བྱ་ཆེད།སྲིད་འཛིན་གྲོང་སྡེ16གིས་མིའི་ཐེངས་གྲངས་ཁྱོན་བསྡོམས1000ལྷག་དང་འདྲུད་འཐེན་འཕྲུལ་འཁོར་སོགས་ཨར་ལས་བཟོ་སྐྲུན་རླངས་འཁོར60ལྷག་སྒྲིག་འཛུགས་བྱས་ནས་བསང་གཏོང་སྟེགས་བུ25ཡི་ཕྱོགས་བཞིར་སོ་ཕག་བརྩིགས་པའི་བྱེད་ཐབས་སྤྱད་ནས་བསྐོར་བ་བརྒྱབ་ཡོད། གསུམ་ནི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་གྲོང་མི་མང་ཚོགས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུར་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་འབྱུང་རྩ་ནས་མགོ་བཙུགས་ཏེ་མེ་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁའི་མི་མངོན་པའི་རྐྱེན་ངན་ཐོན་རྒྱུ་སྔོན་འགོག་བྱས་ཏེ་བསང་མཆོད་ཉེན་ཁ་འབྱུང་རྐྱེན་དུ་མི་གྱུར་བར་འགན་ལེན་བྱས་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་ཁག་གིས་ནགས་ཚལ་དང་རྩྭ་ཐང་ཉེན་མེད་འགོག་ཟོན་ནན་པོ་བྱས།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་འཕང་མདའ་དགོན་པའི་ལྡེབས་རིས།
  • དོ་སྣང་ཆེ་བའི་རྩོམ།