“དུར་མཆོད”གུང་གསེང་རིང་རང་ཁུལ་དུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན།

བདེ་ཆེན་གྱིས་བསྒྱུར།        2021-04-07

དུས་ཡུན་ཉིན་གསུམ་གྱི་དུར་མཆོད་གུང་གསེང་རིང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་།ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་གུང་གསེང་རིང་གི་རིག་གནས་ཡུལ་སྐོར་ཁྲོམ་ར་ཉེན་མེད་དང་བརྟན་ཁྲོད་གོ་རིམ་ལྡན་པ་བཅས་ཡོང་བར་འགན་ལེན་བྱས་པ་རེད།

གུང་གསེང་སྐབས་སུ་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི16.15ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི17765རག་པ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི6.37ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི177.98ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་ཁག་བགོས་ནས་བརྒྱ་ཆ253.89དང་བརྒྱ་ཆ407.23འཕར་ཡོད་པ་རེད།

དེའི་ནང་དུང་དཀར་ལུང་པའི་འཁྱགས་ཀླུང་ནགས་ཚལ་གླིང་གས་ཡུལ་སྐོར་བ་ཁྲི0.73ལ་སྣེ་ལེན་བྱས་ཏེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ143.33འཕར་བ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི52.87ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ171.69འཕར་ཡོད་པ་རེད། ཉི་སྟེན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.26ལ་སྣེ་ལེན་བྱས་ཏེ་ན་ནིང་གི་དུས་དུས་མཚུངས་ལས་བརྒྱ་ཆ136.36འཕར་བ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི23.77ལ་ཟིན་པ་རེད། མི་རྒོད་མཚོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.7ལ་སྣེ་ལེན་བྱས་ཏེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ813.84འཕར་བ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི56.57ལ་ཟིན་པ་རེད། ལྕགས་ཟམ་ཁ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི1.1ལ་སྣེ་ལེན་བྱས་ཏེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ254.84འཕར་བ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི8.64མངོན་འགྱུར་བྱས་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ227.27ལ་ཟིན་ཡོད།ཁུལ་ཡོངས་ཀྱི་དཔེ་མཛོད་ཁང་དང་རིག་གནས་ཁང་གིས་མང་ཚོགས་མིའི་ཐེངས་གྲངས་ཁྱོན་བསྡོམས3268ལ་སྣེ་ལེན་བྱས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:སྔོན་གཤེགས་དཔའ་བོར་མཆོད་པ་དང་ཏང་གི་ལོ་རྒྱུས་ཕྱི་དྲན་བྱས།
  • ལེ་ཚན་རྗེས་མ།:མ་དངུལ་བསྡོམས་འབོར་སྒོར་ཁྲི4865བཏང་བའི་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་གྲོང་ཁུལ་བསྣོལ་ཟམ་དང་པོ་དཀར་མཛེས་རྫོང་དུ་དངོས་སུ་བསྐྲུན་མགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།