མཉམ་ལས་སྤེལ་རེས་དང་ཐུན་མོང་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་གླེང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-04-07

ཁུལ་སྲིད་གཞུང་དང་ཀྲུང་གོ་ནེང་ཅན་ནུབ་ལྷོ་གློག་ཤུགས་ཇུས་ འགོད་ཁང་གིས་བཞུགས་མོལ་ཚོགས་འདུ་འཚོགས།

སྤྱི་ཟླ4པའི་ཚེས1ཉིན། ཁུལ་སྲིད་གཞུང་དང་ཀྲུང་གོའི་ནེང་ཅན་ནུབ་ལྷོ་གློག་ཤུགས་ཇུས་འགོད་ཁང་གིས་དར་མདོར་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཀྲུང་གོ་ནེང་ཅན་ནུབ་ལྷོ་གློག་ཤུགས་ཇུས་འགོད་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་པ་ཝང་ཆང་བཞུགས་མོལ་ཚོགས་འདུའི་ནང་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཕྱོགས་གཉིས་ཀས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱུའི་ཐད་བསམ་འཆར་སྤེལ་རེས་བྱས་པ་རེད།

བཞུགས་མོལ་བྱེད་པའི་སྐབས་སུ་ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ཁུལ་གི་ཆུའི་ནུས་པའི་འབྱུང་ཁུངས་དང་ཉི་འོད་ཀྱི་ནུས་པའི་འབྱུང་ཁུངས། རླུང་གི་ནུས་པའི་འབྱུང་ཁུངས། ས་འོག་ཚ་ཆུའི་ནུས་པའི་འབྱུང་ཁུངས་བཅས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་པར་བརྟེན། གསར་སྤེལ་གྱི་མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ཡོད་པ་རེད། མིག་སྔར་དཀར་མཛེས་ཁུལ་གྱིས་སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ནས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་འགྲོ་བཞིན་ཡོད། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ནུས་པའི་འབྱུང་ཁུངས་གསར་པ་གསར་སྤེལ་བྱེད་པར་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱ་དགོས། ཕྱོགས་གཉིས་ཀས་སྤེལ་རེས་འབྲེལ་མཐུད་ལེགས་སྤེལ་དང་ནུས་པའི་འབྱུང་ཁུངས་གསར་སྤེལ་ལ་ཞབས་ཞུ། ཐོན་ལས་གླིང་ཁུལ་འཛུགས་སྐྲུན་དང་། “ནུས་པའི་འབྱུང་ཁུངས་གསར་པ་དང་ཞིང་ལས” “ནུས་པའི་འབྱུང་ཁུངས་གསར་པ་དང་ཡུལ་སྐོར”སོགས་ཁྱབ་ཁོངས་ཀྱི་ཐོན་མོང་དུ་འབད་བརྩོན་བྱས་ནས་མཉམ་ལས་གོ་སྐབས་འཚོལ་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རོགས་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཝང་ཆང་གིས་ཀྲུང་གོ་ནེང་ཅན་ནུབ་ལྷོ་གློག་ཤུགས་ཇུས་འགོད་ཁང་གི་གཞི་རྩའི་གནས་ཚུལ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་འཆར་འགོད་དང་འབྱུང་འགྱུར་གྱི་མ་དངུལ་གཏོང་འཇོག་དང་། འཛུགས་སྐྲུན་ཐད་ཀྱི་མཉམ་ལས་འདོད་བློ་བཅས་ངོ་སྤྲོད་བྱས་པ་རེད། ཁོང་གིས་དཀར་མཛེས་ཁུལ་ནི་ནུས་པའི་འབྱུང་ཁུངས་མང་ཞིང་ཕན་ཚུན་གསབ་རེས་དང་ནུས་པའི་འབྱུང་ཁུངས་ཀྱི་རྒྱུ་ཆ་གཙང་བའི་འཕེལ་རྒྱས་གཏོང་བའི་ལེགས་ཆ་ཡོད་ལ། སི་ཁྲོན་ཞིང་ཆེན་གྱི་ནུས་པའི་འབྱུང་ཁུངས་གསར་པའི་ལས་གཞི་འཛུགས་སྐྲུན་ས་ཁུལ་ཡིན་པར་བརྟེན། ཀྲུང་གོ་ནེང་ཅན་ནུབ་ལྷོ་གློག་ཤུགས་ཇུས་འགོད་ཁང་གིས་དཀར་མཛེས་ཁུལ་གྱི་ནུས་པའི་འབྱུང་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དཀར་མཛེས་ཁུལ་དང་མཐུན་སྦྱོར་སྤེལ་རེས་སྔར་བས་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་པའི་འབྱུང་ཁུངས་གསར་སྤེལ་ཞབས་ཞུ་དང་དཔེ་སྟོན་ལས་གཞིར་གསར་སྤེལ། ནུས་པའི་འབྱུང་ཁུངས་གསར་པ་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།



  • ལེ་ཚན་སྔོན་མ།:དཔྱིད་ཀྱི་དཔལ་ཡོན་བཞད།། དཔྱིད་རྨོད་ལས་ལ་བྲེལ།།
  • ལེ་ཚན་རྗེས་མ།:སྔོན་གཤེགས་དཔའ་བོར་མཆོད་པ་དང་ཏང་གི་ལོ་རྒྱུས་ཕྱི་དྲན་བྱས།
  • དོ་སྣང་ཆེ་བའི་རྩོམ།