རྟ་ཐོག་གཞོན་ནུ་སྟན་འཛིན་ གྱིས་ཕ་ཡུལ་དུ་སྐྱེ་ཁམས་འདི་ལྟར་སྲུང་ སྐྱོང་བྱེད།

    མི་དམངས་དྲ་བ་ནས་དྲངས།    2021-03-30

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།“གསའ་དང་གཡི་སོགས་ནི་ནགས་རིར་འཚོ་སྡོད་བྱེད་པའི་ང་ཚོའི་ཁྱིམ་མཚེས་རེད། ནགས་ཚལ་ཁྲོད་དུ། ང་ཚོས་ཤ་མོ་དང་རི་སྐྱེས་ཤིང་ཏོག་སོགས་འཐུ་གི་ཡོད་ལ།དགེ་བསྙེན་སྤྱན་གྱི་མཐའ་འཁོར་དུ། ང་ཚོས་རྟ་ཕོར་བཅིབས་ནས་གླུ་གཞས་སྙན་པོ་ལེན་གྱི་ཡོད་ཅེས།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་ཤས་གོང་སྤེལ་བའི་བརྙན་ཐུང《མཐོང་འཆར་དང་སྲུང་སྐྱོང》ནང་དུ།“ཆིབས་དཀར་གཞོན་ནུ”བསྟན་འཛིན་གྱིས་ཁོང་རང་འཚར་ལོངས་འབྱུང་སའི་སི་ཁྲོན་དཀར་མཛེས་ཁུལ་འདི་ལྟར་ངོ་སྤྲོད་བྱས་པ་རེད།བརྙན་ཐུང་ནང་མི་ལ་ལའི་སྤྱོད་པ་ཤིན་ཏུ་སྡུག་ཁོ་ཚོས་རླངས་འཁོར་བཏང་ནས་དགེ་བསྙེན་སྤྱན་ལ་སྐོར་བ་ཡང་ཡང་བརྒྱབ་སྟེ་སྔོ་ཁེབས་ལ་རྡོག་བརྫིས་བཏང་སོང་། ཡང་ལ་ལས་ནགས་གསེབ་ཀྱི་སྡོང་རྒན་དག་བཅད་དེ་བཙོངས་པ་དང་ཐ་ན་ལྐོག་ནས་ནགས་རིའི་རི་དྭགས་ལ་རྔོན་བརྒྱབ་ཅེས་བརྗོད་ཀྱིན་བསྟན་འཛིན་གྱིས་ཁུ་ཚུར་བཅིངས།

ཞིབ་དཔྱོད་དཔོན་ཚོས་བསྟན་འཛིན་ལ་སྲིད་གཞུང་དང་མཉམ་དུ་འབད་འཐབ་བྱས་ནས་དགེ་བསྙེན་སྤྱན་སླར་གསོ་བྱ་རྒྱུ་ཡིན་པ་དང་། ནགས་ཤིང་གཅོད་མཁན་ཚོར་ཡང་སྡོང་པོ་དེ་ལས་མང་བ་འཛུགས་རྒྱུའི་ཆད་པ་བཅད་ཡོད། དེར་མ་ཟད། རི་དྭགས་ལྐོག་ཏུ་རྔོན་མཁན་ཚོ་ཡང་བཟུང་པ་རེད་ཅེས་བཤད།

དགེ་བསྙེན་སྤྱན་ཞེས་པ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྟོང་མཚོ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་མཛེས་ལྗོངས་ཁུལ་ཡིན་ལ། དེ་གའི་ས་བབ་མཐོ་ཚད་སྨི4000ལྷག་ཟིན་པ་དང་སྐྱེ་ཁམས་ཧ་ཅང་ཉམས་ཞན་པོ་ཡོད།

2019ལོའི“ལྔ་གཅིག”རིང་། ཁྲེང་ཏུའུ་ནས་ཡོང་བའི་འཁོར་གཏོང་ཡུལ་སྐོར་བའི་རུ་ཁག་གཉིས་ཀྱིས་ལྟ་སྐོར་བྱེད་སྐབས། བྱེས་བགྲོད་རླངས་འཁོར17གྱིས་དགེ་བསྙེན་སྤྱན་ལ་སྐོར་བ་ཡང་ཡང་བརྒྱབ་ནས་རྩྭ་སོགས་སྔོ་ཁེབས་འཁོར་ལོ་བརྫིས་པས་རབ་མཛེས་ཡིད་དུ་འོང་བའི་མཛེས་ལྗོངས་དེ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

ཞིབ་དཔྱོད་ལས་ཁུངས་ཀྱིས་འཕྲལ་དུ་དགེ་བསྙེན་སྤྱན་གྱི་གཏོར་སྐྱོན་ཕོག་ཚད་ལ་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་ཤིང་། ལི་ཐང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ལི་ཐང་རྫོང་ནགས་རྩྭ་ཅུས་དང་བླ་མ་ཡག་ཡུལ་ཤོག་མི་དམངས་སྲིད་གཞུང་ལ་སྲིད་འཛིན་སྤྱི་ཕན་ཞུ་གཏུག་གོང་གི་ཞིབ་དཔྱོད་གྲོས་འགོ་བཏོན་པ་དང་སྦྲགས། དེ་ལ་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་ཕུགས་ཕན་ལམ་སྲོལ་བཙུགས་ནས། གནས་ཚུལ་དེའི་རིགས་སླར་ཡང་མི་ཐོན་པའི་འགན་ལེན་བྱ་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

རྗེས་སུ་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་སྣ་མངགས་ནས་ལྟ་སྐུལ་རྗེས་འདེད་བྱས་ཤིང་།མི་མེད་གནམ་གྲུས་བརྒྱབ་པའི་པར་ལས“དགེ་བསྙེན་སྤྱན”མཐའ་འཁོར་གྱི་སྔོ་ཁེབས་སླར་གསོ་ཡག་པོ་བྱུང་ནས་སླར་ཡང་གསོན་ཤུགས་རྒྱས་པ་མཐོང་ཐུབ་པ་རེད།

“ང་ཧ་ཅང་དགའ་པོ་བྱུང་། རྒྱུ་མཚན་ནི་ང་རང་ཆེས་དགའ་པོ་ཡོད་པའི་ཕ་ཡུལ་ལ་ང་ཚོ་རང་ཉིད་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད་པར་མ་ཟད། ད་དུང་སྲུང་སྐྱོང་བྱེད་མཁན་གཞན་པ་ཡང་ཡོད་པས་རེད”ཅེས་བསྟན་འཛིན་གྱིས་བཤད།གསར་འགོད་པར་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར། ན་ནིང་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་གི་གྱོད་གཞི151260ཐོ་འགོད་བྱས་ནས་སྒྲུབ་གཉེར་བྱས་པའི་ཁྲོད་དུ་དམངས་དོན་སྤྱི་ཕན་ཞུ་གཏུག་གི་གྱོད་གཞི་ཁྲི1.4དང་སྲིད་འཛིན་སྤྱི་ཕན་ཞུ་གཏུག་གི་གྱོད་གཞི་ཁྲི13.7ཟིན་པ་དེ་དུས་མཚུངས་ལས་སོ་སོར་ལྡབ1དང་བརྒྱ་ཆ14.4འཕར་ཡོད། ཞུ་གཏུག་གོང་གི་ཞིབ་དཔྱོད་གྲོས་འགོ་ཁྲི11.8བཏོན་པ་དེ་དུས་མཚུངས་ལས་བརྒྱ་ཆ14.1འཕར་བ་དང་།སྲིད་འཛིན་ལས་ཁུངས་ཀྱིས་ལན་བསློགས་ནས་དག་ཐེར་ཡོ་བསྲང་བྱེད་ཚད་བརྒྱ་ཆ99.4ཟིན་པས་གནད་དོན་མང་པོ་ཞིག་ཞུ་གཏུག་མ་བྱས་གོང་ནས་ཐག་གཅོད་བྱུང་ཡོད་པ་རེད།


  • ལེ་ཚན་སྔོན་མ།: ཕྱི་འབྲེལ་པུའུ་ཡིས་ཁོར་ཡུག་དང་མཁའ་རླུང་སྦགས་བཙོག་གི་གནད་དོན་ལ་རྒྱལ་མཚམས་མེད་ཅེས་བརྗོད།
  • ལེ་ཚན་རྗེས་མ།: བོད་ལྗོངས་ཀྱིས་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱས་ཏེ་དྭངས་གཙང་ཆུ་མོ་རྒྱུན་དུ་རྒྱུག་པར་བྱས།
  • དོ་སྣང་ཆེ་བའི་རྩོམ།