སྡེ་དགེའི་རྫ་བར་མ་ནས་གསའ་ཞིག་མཐོང་བ།

པད་མ་ནོར་བུས་བྲིས།        2021-03-08

 

སྡེ་དགེའི་རྫ་བར་མ་ནས་གསའ་ཞིག་མཐོང་བ།

  2021ལོའི་ཟླ་བ3པའི་ཚེས4ཉིན་གྱི་སྔ་དྲོར་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫ་བར་མ་ཤང་གནས་རྒན་གྲོང་པའི་ལ་ཁ་ཞིག་ཏུ་གསའ་ཁེར་རྐྱང་ཞིག་གིས་ལ་རྒྱག་བཞིན་པའི་བརྙན་ཐུང་ཞིག་སྐུར་གྱིན་འདུག  གསའ་ནི་གཟིག་གི་རིགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བགྲང་བའི་གྲངས་ཀ་སྟོང་ལ་ཉེ་བའི་གཅན་གཟན་གྱི་རིགས་ཤིག་ཡིན།  མང་ཆེ་བས་འདི་ལ་གསའ་གཟིག་དང་། རྩྭ་གཟིག་སོགས་འབོད་ཀྱིན་འདུག  དེང་དུས་གངས་གཟིག་ཅེས་འབོད་སྲོལ་ཆགས། གངས་གཟིག་གི་འཚོ་གནས་གཙོ་བོ་གངས་དང་རྫ་རི་ཡིན་ལ།  བོད་ལྗོངས་དང་སི་ཁྲོན། ཀན་སུའུ་སོགས་བོད་ཡུལ་གྱི་ས་གནས་ཁག་ལ་ཐར་ཐོར་ཡོད། ལོ་ཁ་ཤས་སྔོན་ནས་སྡེ་དགེ་རྫོང་གི་མངའ་ཁོངས་ཡིད་ལྷུང་དང་། རྫོགས་ཆེན་སོགས་ཁྲོ་ལའི་རི་རྒྱུད་ཡར་མར་ནས་གསའ་གཟིག་མཐོང་མཁན་ཁ་ཤས་བྱུང་ཡོད། གསའ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་གྲས་སུ་བཞག་པའི་སྲོག་ཆགས་ཤིག་ཡིན་སྟབས།  ང་ཚོས་གསའ་ཡི་རིགས་འདི་དག་གི་འཚོ་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་གལ་ཆེ་བ་ཞིག་རེད།

 

  • ལེ་ཚན་སྔོན་མ།:རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་འགོ་འདི་འདྲ་བཏོན་འདུག
  • ལེ་ཚན་རྗེས་མ།:ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡
  • དོ་སྣང་ཆེ་བའི་རྩོམ།