ལྷ་བཟོ་ར་རུ་ཀརྨ་ཚུལ་ཁྲིམས།

ཀུན་ཁྱབ།        2021-03-03

 ལྷ་བཟོ་ར་རུ་ཀརྨ་ཚུལ་ཁྲིམས།

   ཀརྨ་ཚུལ་ཁྲིམས་ནི་སྤྱི་ལོ་༡༩༦༤ལོར་ཨ་ལོ་ཞེ་དགའ་གྲོང་དུ་སྐུ་འཁྲུངས།    ཆུང་དུས་ནས་དཔལ་སྤུངས་དགོན་དུ་གྲྭ་སར་ཞུགས་ཏེ་དབུ་མཛད་བཟོད་པའི་མདུན་དུ་འབྲི་ཀློག་དང་།  སྐྱབས་ཆེ་ཕན་བདེའི་མདུན་དུ་འདོན་ཆོག་སྐོར་བསླབས།   དེ་ནས་སྒར་བྲིས་པ་བཀྲ་ཤིས་རྡོ་རྗེའི་མདུན་དུ་སྐྱ་རིས་ཀྱི་སྤྱི་འགྲོས་ཙམ་སྦྱངས་རྗེས་བཟོ་རྒྱལ་ཐང་བླ་ཚེ་དབང་དང་མཛོ་རྫི་དར་རྒྱས་རྣམ་གཉིས་ཀྱི་སྐུ་མདུན་ནས་བཅད་དང་མདངས་ཐིག་ཚད་སོགས་མདོར་ན་ལྷ་རིས་ཀྱི་ཤེས་བྱ་མཐའ་དག་བསླབས་པས་མཁས་པར་གྱུར། དཔལ་སྤུངས་དགོན་པའི་གྱང་ལྷ་འབྲི་བའི་ལས་གྲལ་དུ་ཞུགས།དེ་ནས་སྔ་ཕྱིར་རིམ་བཞིན་སྡེ་དགེ་གཡུ་འབྲུག་ལྷ་ཁང་དང་།  དཔལ་ཡུལ་དགོན། འཇོ་མདའ་ལྗོངས་གནས་དགོན།   སྦྲ་ནག་དགོན།   རྣམ་བྲག་དགོན།ལྕགས་ར་དགོན་སོགས་ཀྱི་གྱང་ལྷ་བྲིས་པ་དང་། ཁྱད་པར་དུ་སྡེ་དགེ་རྫོགས་ཆེན་དགོན་དུ་ལོ་ངོ་ལྔའི་རིང་རང་སློབ་དུ་མ་དང་བཅས་ཏེ་སྲོལ་རྒྱུན་གྱི་གྱང་ལྷ་དང་ཐང་ག་མང་པོ་བྲིས་པས་དེང་དུས་རྒྱལ་ཕྱི་ནང་གི་ལྟད་མོ་བ་རྣམས་ཀྱིས་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར།    ད་ལྟ་རྒྱ་ནག་ཏུ་བོད་ཀྱི་གཞོན་ནུ་དུ་མ་ལ་ཀརྨ་སྒར་བྲིས་ཀྱི་སྲོལ་རྒྱུན་རི་མོ་སློབ་ཁྲིད་མཛད་བཞིན་པ་ལགས།     

  • ལེ་ཚན་སྔོན་མ།: ལྷ་བཟོ་དིལ་ཆུང་བུ་ཁེ།
  • ལེ་ཚན་རྗེས་མ།: ལྷ་བཟོ་དིལ་ཆུང་ཆོས་ཕྲུག